བརྩེ་བའི་དྲོད་ཁོལ་དུད་ཁྱིམ་ཁྲི་ལ་བསྩལ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་1པོའི་ཚེས་15ཉིན་ཁུལ་དང་རྫོང་།གྲོང་ཁྱེར་བཅས་ཀྱི་རྒྱ་གྲམ་དམར་བོའི་ཚོགས་པའི་2018ལོའི་དུད་ཁྱིམ་ཁྲི་ལ་དྲོད་ཁོལ་བསྩལ་ནས་དབུལ་སྐྱོར་འགག་སྒྲོལ་ལ་རོགས་རམ་བྱེད་པ་ཅེས་པའི་བྱེད་སྒོ་བསྡུས་ཤིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའོ་ཅི་ཤང་ཅིའུ་ལུང་གྲོང་ཚོ་དང་།འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་མཐའ་ཆུ་གྲོང་ཚོ།འཇོལ་རྫོང་ཐང་སྟེང་ཤང་སོགས་ལ་བརྩེ་བའི་དྲོད་ཁོལ་བསྩལ་ལ།བྱེད་སྒོའི་ཁྲོད་རྒྱ་གྲམ་དམར་བོ་ཚོགས་པས་རྫོང་གསུམ་(གྲོང་ཁྱེར་)གྱི་དཀའ་ཁག་ཡོད་པའི་མང་ཚོགས་ལ་རིན་གོང་སྒོར་1394942ལྷག་ཡོད་པའི་དངོས་ཟོག་བྱིན་པ་རེད།

 


བྱེད་སྒོའི་ཡུལ་དངོས།

རྒྱ་གྲམ་དམར་པོའི་ཚོགས་པས་རོགས་དངུལ་གནང་བཞིན་པ།

 

གྲོང་མི་ཧྲིན་ཅི་ཀོང་གིས་ང་ཚོའི་ལུའོ་ཅི་ཤང་ཅིའུ་ལུང་གྲོང་ཚོ་སྔོན་ཧ་ཅང་དབུལ་ཕོངས་ཡིན་ཞིང་།  དུས་རྒྱུན་གྱི་ཟ་རྒྱུ་དང་གོན་རྒྱུ་ཡང་ཁག་ཐེག་མི་ཐུབ་པ་རེད།  ཁ་གཏད་དབུལ་སྐྱོར་གྱི་སྲིད་ཇུས་འདི་ཡོད་པ་ནས་བཟུང་ང་ཚོའི་འཚོ་བའི་ཆ་རྐྱེན་མངོན་གསལ་གྱིས་ཇེ་བཟང་དུ་སོང་ཡོད་ཞེས་བཤད།

        ཟླ་1པོའི་ཚེས་15ཉིན་བདེ་ཆེན་ཁུལ་རྒྱ་གྲམ་དམར་པོའི་ཚོགས་པ་དང་འབའ་ལུང་རྫོང་རྒྱ་གྲམ་དམར་པོའི་ཚོགས་པ། འབའ་ལུང་རྫོང་དམངས་སྲིད་ཅུས། མཐའ་ཆུ་གྲོང་ཚོའི་གྲོང་རྡལ་ཏང་ཨུ་སྲིད་གཞུང་བཅས་མཉམ་འབྲེལ་བྱས་ནས་མཐའ་ཆུ་གྲོང་ཚོ་ནས་ལོ་གསར་གྱི་དྲོད་ཁོལ་དུད་ཁྱིམ་ཁྲི་ལ་བསྩལ་བ་ཞེས་པའི་བྱེད་སྒོ་བསྡུས་ཤིང་། དཀའ་ཁག་ཡོད་པའི་མང་ཚོགས་200ལྷག་ཐེངས་འདིའི་བྱེད་སྒོའི་ནང་ཞུགས་ཡོད་ལ།འཚམས་འདྲིའི་ཚོ་ཆུང་གིས་དུད་ཁྱིམ་རེར་རིན་གོང་སྒོར་1200ལྷག་ཡོད་པའི་ཉལ་གོས་དང་གྱོན་གོས་སོགས་བྱིན་པ་རེད། དེ་མིན་ཉིན་དེར་བདེ་ཆེན་ཁུལ་རྒྱ་གྲམ་དམར་བོ་ཚོགས་པ་དང་འབའ་ལུང་རྫོང་རྒྱ་གྲམ་དམར་བོའི་ཚོགས་པ། འབའ་ལུང་རྫོང་དམངས་སྲིད་ཅུས་བཅས་ཀྱི་འཚམས་འདྲི་ཚོ་ཆུང་མཐའ་ཆུ་གྲོང་རྡལ་གྱི་མཐའ་ཆུ་གྲོང་ཚོར་སོང་ནས་དབང་བོ་སྐྱོན་ཅན་གྱི་གྲོང་མི་ཧོ་ཁྲོན་ལན་ལ་འཚམས་འདྲི་བྱས་ཤིང་། ཧོ་ཁྲོན་ལན་གྱིས་ཀྱང་ཏང་སྲིད་གཞུང་ལ་དྲིན་གཟོ་བྱེད་པའི་སེམས་གཏམ་འཚམས་འདྲིའི་ཚོ་ཆུང་ལ་བཤད་པ་རེད།

 


ཧོ་ཁྲོན་ལན་གྱིས་བཀའ་དྲིན་ཞུ་བཞིན་པ།

        ཟླ་1པོའི་ཚེས་12ཉིན། གུང་གཞོན་ཚོགས་པ་བདེ་ཆེན་ཁུལ་ཨུས་ལང་ཚོའི་དྲོད་ཁོལ་བསྩལ་པ་ཞེས་པའི་བྱེད་སྒོ་སྤེལ་ནས། བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་དང་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་། སེམས་ཀྱི་ཉི་ཟླའི་སློབ་འབྲིང་བཅས་ཀྱི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་100ལ་བྱམས་བརྩེའི་རོགས་དངུལ་ཁྱོན་བསྡོམས་སྒོར་50000བྱིན་པ་རེད།

 


སློབ་མར་རོགས་དངུལ་སྟེར་བཞིན་པ།

        ཟླ་1པོའི་ཚེས་9ཉིན་ནས་ཚེས་11ཉིན་བར། བདེ་ཆེན་ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གིས་ཁ་གཏད་དབུལ་སྐྱོར་ས་གནས་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་ཆུ་འཛོམས་གྲོང་ཚོར་སོང་ནས་ཁྱིམ་ཚང་དབུལ་པོར་འཚམས་འདྲི་བྱས་པ་རེད། འཚམས་འདྲི་བྱེད་པའི་གོ་རིམ་ཁྲོད། འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གིས་ཆུ་འཛོམས་གྲོང་ཚོའི་དཀའ་ཁག་ཡོད་པའི་ཁྱིམ་ཚང་ལ་བསྡོམས་པས་འབྲས་སྤྱི་རྒྱ་5000ཡི་རོགས་སྐྱོར་གནང་བ་མ་ཟད། ནན་ཏན་གྱིས་ལུས་པོའི་གནས་ཚུལ་དང་ཁྱིམ་ཚང་གི་ཡོང་འབབ། བུ་ཕྲུག་གི་སློབ་གསོ། ཐོན་སྐྱེད་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།

         ཟླ་1པོའི་ཚེས་8ཉིན་ནས་ཚེས་10ཉིན་གྱི་བར་དུ། ཡུན་ནན་ཞིང་ཆེན་གྱི་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་ཡུན་ནན་ཀྲུང་ཏེ་རུས་ནད་སྨན་ཁང་གི་འཚམས་འདྲིའི་ཚོ་ཆུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་།  འབའ་ལུང་རྫོང་དུ་དགེ་སྒྲུབ་ཀྱི་བརྩེ་བས་དུད་ཚང་ཁྲི་ལ་དྲོད་ཁོལ་བསྩལ་ཞེས་པའི་འཚམས་འདྲིའི་བྱེད་སྒོ་སྤེལ་ལ། འཚམས་འདྲི་ཚོ་ཆུང་གིས་རང་ཁུལ་གྱི་དཀའ་ངལ་ཡོད་པའི་ཤང་དང་གྲོང་རྡལ་འགའི་ལྔ་སྲུང་དུད་ཚང་དང་། སྔོན་གཤེགས་དཔའ་བོའི་དུད་ཚང་། དྭ་ཕྲུག རྟེན་མེད་ཁེར་ལུས་རྒན་རྒོན་སོགས་ལ་འཚམས་འདྲིའི་མ་དངུལ་དང་ཟོག་དངོས་བྱིན། དུས་མཚུངས་སུ། ཡུན་ནན་ཀྲུང་ཏེ་རུས་ནད་སྨན་ཁང་གིས་དབང་སྐྱོན་དམག་མི་གཅིག་དང་རོགས་སྐྱོར་འབྲེལ་བ་བཙུགས་ཤིང་ཁོང་ལ་སྨན་ཁང་དུ་ལུས་ཧྲིལ་པོའི་ཞིབ་བཤེར་བྱེད་པར་གདན་འདྲེན་ཞུས་པ་མ་ཟད།  རྗེས་ཕྱོགས་ཀྱི་སྨན་བཅོས་ལ་རོགས་སྐྱོར་བྱེད་རྒྱུ་ཁས་ལེན་བྱས་པ་རེད།

 


རོགས་སྐྱོར་ཐོབ་པའི་སྡེ་མི་དང་ལྷན་དུ་ཡོད་པ།