བོད་ལྗོངས་གཞིས་རྩེར་གླུ་གར་ལ་རོལ་བཞིན་དུ་ལོ་གསར་བསུ་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-18   རྩོམ་ཁུངས།    མི་དམངས་དྲ་བ།

 




        མི་དམངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་17ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་ལོ་གཅིག་གི་དུས་ཆེན་གལ་ཆེ་ཤོས་སོ་ནམ་ལོ་གསར་བཏོང་འགོ་ཚུགས་ཡོད་པ་རེད། གཞིས་རྩེ་བསམ་གྲུབ་རྩེ་ཁུལ་ཉི་རི་གཞུང་ཤང་དྲུ་གསུམ་གྲོང་ཚོའི་གྲོང་མི་རྣམས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ནས། གླུ་གར་ལ་རོལ་ནས་ལོ་གསར་གྱི་དགའ་སྟོན་ལ་རོལ། གཞིས་རྩེའི་སོ་ནམ་ལོ་གསར་དང་ལྷ་ས་སོགས་ཀྱི་ལོ་གསར་ལ་དུས་ཚོད་ཟླ་གཅིག་གི་ཁྱད་པར་ཡོད་པ་རེད། གཞིས་རྩེ་གྲོང་ཁྱེར་དུ"བོད་ལྗོངས་ཀྱི་འབྲུ་མཛོད"ཅེས་གྲགས་ཤིང་། ལོ་རྒྱུས་ཐོག་གཞིས་རྩེའི་མང་ཚོགས་རྣམས་ཀྱིས་གཅིག་ནས་བློ་བདེ་པོའི་ངང་ལོ་གསར་གྱི་དགའ་སྟོན་ལ་རོལ་ཐུབ་པ་དང་། གཉིས་ནས་སོ་ནམ་གྱི་ལས་ཀ་འཐུས་ཤོར་མི་འགྲོ་བའི་ཆེད་དུ། ལས་བྲེལ་མེད་པའི་བོད་ཟླ་བཅུ་གཉིས་པའི་ནང་ལོ་གསར་གཏོང་བཞིན་ཡོད་ལ། སྲོལ་འདི་ད་བར་རྒྱུད་འཛིན་བྱེད་བཞིན་ཡོད་པ་རེད།