《མཚོ་སྔོན་སྤྱི་ཚོགས་ཚན་རིག་》དུས་དེབ་ཀྱི་བོད་ཡིག་པར་གཞི་དངོས་སུ་གསར་འདོན་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-24   རྩོམ་ཁུངས།    མཚོ་སྔོན་པོའི་དྲ་བ།

        ཟླ་1ཚེས་17ཉིན།མཚོ་སྔོན་ཞིང་ཆེན་ཨུ་ལྷན་དྲིལ་བསྒྲགས་པུའུ་ཡིས་གཙོ་སྐྱོང་བྱས་པ་དང་། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་གིས་གཙོ་གཉེར་བྱས་པའི་《མཚོ་སྔོན་སྤྱི་ཚོགས་ཚན་རིག་》དུས་དེབ་ཀྱི་བོད་ཡིག་པར་གཞི་གསར་དུ་བཏོན་པའི་མཛད་སྒོ་དང"བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུའི་གླེང་སྟེགས"ཟི་ལིང་གྲོང་ཁྱེར་དུ་འཚོགས་པ་རེད།

     《མཚོ་སྔོན་སྤྱི་ཚོགས་ཚན་རིག་》དུས་དེབ་ཀྱི་བོད་ཡིག་པར་གཞི་ཡིས་ཆབ་སྲིད་ཀྱི་ཁ་ཕྱོགས་དང་རིག་གཞུང་གི་ཁྲིད་ཕྱོགས་ཡང་དག་པ་མཐའ་འཁྱོངས་དང་།བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ།སྤྱི་ཚོགས་བརྟན་ལྷིང་བཅས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བཟུང་ནས་བོད་ཁུལ་གྱི་རྒྱ་ཆེའི་ཀློག་པ་པོར་ཁ་ཕྱོགས་པ་དང་།ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། རིགས་པའི་གཞུང་ལུགས་གསར་གཏོད་ལ་མཐོང་ཆེན། བོད་ཁུལ་གྱི་བསྒྱུར་བཅོས་འཕེལ་རྒྱས་ལ་རོགས་སྐྱོར་བཅས་བྱེད་རྒྱུ་རེད།

     《མཚོ་སྔོན་སྤྱི་ཚོགས་ཚན་རིག་》དུས་དེབ་ཀྱི་བོད་ཡིག་པར་གཞི་གསར་དུ་འདོན་པའི་མཛད་སྒོའི་ཐོག་ད་དུང"བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུའི་གླེང་སྟེགས"འཚོགས་ཤིང་།བོད་རིག་པའི་ཆེད་ལས་ཞིབ་འཇུག་མི་སྣ་དང་དུས་དེབ་དཔེ་སྐྲུན་ལས་རིགས་ཀྱི་འཐུས་མི་ཚོས་བརྗོད་བྱ་གཙོ་བོར་དམིགས་ནས་བཞེད་དོན་གཏམ་བཤད་དང་། མང་གྲོས་བློ་བསྡུ། ཐབས་བརྒྱ་གཅིག་བསྡུ་བཅས་བྱས་ནས་དུས་དེབ་འདོན་གཉེར་བསམ་ཕྱོགས་སྔར་བས་ཁ་གསལ་དང་། དུས་དེབ་འདོན་གཉེར་གྱི་གདེང་ཚོད་ཆེ་རུ་བཏང་སྟེ་《མཚོ་སྔོན་སྤྱི་ཚོགས་ཚན་རིག་》དུས་དེབ་ཀྱི་བོད་ཡིག་པར་གཞི་འབྱུང་འགྱུར་གོང་འཕེལ་ཡོང་བར་རྨང་གཞི་བརྟན་པོ་བཏིང་པ་རེད།