རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-26   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་1པོའི་ཚེས་17ཉིན་གྱི་ཕྱི་དྲོར།བདེ་ཆེན་ཁུལ་དང་དཀར་མཛེས་ཁུལ་གཉིས་ཀྱིས་སེམས་ཀྱི་ཉི་ཟླའི་མགྲོན་ཁང་ཆེན་མོར་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན།དཀར་མཛེས་ཁུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་འགྲིམ་འགྲུལ་དང་ཡུལ་སྐོར།བརྟན་བརླིང་སྲུང་སྐྱོང་སོགས་ཀྱི་ཐད་ལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།ཕྱོགས་གཉིས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྲིད་སྟོན་དུ་བཞག་ནས།སྔར་ལས་ལྷག་པར་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།མཉམ་དུ་ས་གནས་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱལ་དང་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ།སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སོགས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།
ཆི་ཅན་ཞིན་གྱིས་བདེ་ཆེན་ཁུལ་དང་དཀར་མཛེས་ཁུལ་གཉིས་ཀྱིས་རིམ་པ་དེ་བས་མཐོ་བའི་ངང་སྤེལ་རེས་མཉམ་ལས་བྱེད་པ་དང་མཉམ་དུ་འགྲིམ་འགྲུལ་གྱི་རྨང་གཞིའི་བཀོད་སྒྲིག་འཛུགས་སྐྲུན་བྱེད་པ་དང་ཡུལ་སྐོར་ཐོན་ཁུངས་གསར་གཏོད་བྱེད་པ་སོགས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ།མཉམ་དུ་མཐའ་སྐོར་གྱི་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་བྱེད་དེ།འབད་བརྩོན་གྱིས་ཁམས་པ་ས་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་སྐས་རིམ་གསར་པ་ཞིག་ཏུ་སྐུལ་སྤེལ་གཏོང་དགོས་ཞེས་བསྟན་པ།
ཞའོ་ཡིའུ་ཚའེ་ཡིས་བདེ་ཆེན་ཁུལ་གྱི་གྲོང་ཁྱེར་འཛུགས་སྐྲུན་དང་ཡུལ་སྐོར་རིག་གནས་ཀྱི་འཕེལ་རྒྱས་སོགས་ཀྱི་ཐད་ལ་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ནི་དཀར་མཛེས་ཁུལ་གྱིས་སློབ་སྦྱོང་བྱེད་རིམ་ཞིག་ཡོད་ཅེས་བསྟན་པ་དང་།ཁོང་གིས་ཁུལ་གཉིས་ཀྱིས་མཉམ་ལས་བྱེད་པར་རྨང་གཞི་ལེགས་པོ་ཡོད་དེ།སྔར་ལས་ལྷག་པར་བསམ་བློ་གཅིག་གྱུར་གཏོང་བ་དང་གནད་ཆེ་ས་འབུར་དུ་ཐོན་པ།མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་ཞིང་།ལས་ཀ་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།
ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚའེ་ཝུའུ་ཁྲེན་དང་དྲུང་ཡིག་ཆེན་མོ་ཁྲེན་ཕིན།དཀར་མཛེས་ཁུལ་གཞུང་ལས་ཁང་།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་།དཀར་མཛེས་ཁུལ་སྡེ་རོང་རྫོང་གི་འབྲེལ་ཡོད་འགན་འཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།