བཟའ་ཚྭའི་ཕན་ཡོན་འདི་དག་ཁྱེད་ཀྱིས་ཨེ་ཤེས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-01   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        1.ཟངས་ཆས་ཀྱི་ནག་ཐིག་ལ་བཟའ་ཚྭ་ཏོག་ཙམ་བྱུགས་ནས་ཕྱིས་ན་ནག་ཐིག་དག་ཐུབ།

        2.ཚྭ་ཆུའི་ནང་པེ་ཙི་དང་དཀར་ཡོལ་བཙོས་ན་ཆག་སླ་པོ་མེད།

        3.གྱོན་གོས་འཁྲུད་སྐབས་ཆུ་ལ་ཚྭ་ཏོག་ཙམ་བླུགས་ན་ཚོས་མདོག་མི་འགྱུར་བར་བྱེད་ཐུབ།

        4.གུང་ལ་ཕུག་ཞིབ་མོར་གཙབས་ནས་དེར་ཚྭ་ཏོག་ཙམ་བླུགས་ཏེ་གྱོན་གོས་བཀྲུས་ན་གྱོན་གོས་ཐོག་གི་ཁྲག་རྗེས་དག་ཐུབ།

        5.སྒོང་ལྤགས་གས་པའི་སྒོ་ང་བཙོ་སྐབས་ཆུའི་ནང་ཚྭ་ཏོག་ཙམ་བླུགས་ན་སྒོ་ངའི་སེར་རིལ་ཕྱིར་ཐོན་རྒྱུ་བཀག་འགོག་བྱེད་ཐུབ།

        6.གཟུགས་པོ་འཁྲུད་སྐབས་ཆུའི་ནང་ཚྭ་ཏོག་ཙམ་བླུགས་ན་པགས་ནད་བཅོས་ཐུབ།