རྩམ་དྲི་མ་ཡལ་བའི་བདེ་ཆེན་གྱི་ལོ་གསར་དགོང་ཚོགས་འདི་ན་ཡོད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ1པོའི་ཚེས31ཉིན་གྱི་དགོང་མོར།  དུས་རབས་གསར་པར་གླུ་ལེན་པ་དང་འཐབ་ལམ་གསར་པར་སྐྱོད་པ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་2018ལོའི་དཔྱིད་གསར་དུས་ཆེན་བསུ་བའི་འཚམས་འདྲིའི་འཁྲབ་སྟོན་དེ་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་ཆེན་དུ་བསྡུས་ནས།   ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་ཡི་ལས་བྱེད་པ་དང་།  བདེ་ཆེན་དུ་བཅའ་སྡོད་བྱེད་པའི་དཔུང་སྡེ་དང་སྔོན་གཤེགས་དཔའ་བོའི་ཁྱིམ་མི།  ངལ་རྩོལ་དཔེ་བཟང་དང་མང་ཚོགས་སོགས་ལ་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་ཞུས།

 


 


 


 


 


 


 


 


 


         ཁྲབ་སྟོན་དེ་ལ་མཐོ་སྒང་དུ་ཕུགས་འདུན་གཏོད་པ་དང་དཔྱིད་གསར་དུས་ཆེན་བསུ་བ།  བཀྲ་ཤིས་རྟེན་འབྲེལ་བཅས་ལེ་ཚན་གསུམ་དུ་དབྱེ་ཡོད་དེ།   ཞབས་བྲོ་དང་གླུ་དབྱངས། སྙན་ངག་གྱེར་འདོན་ལ་སོགས་པའི་འཁྲབ་ཚན་14ཡོད།  བརྗོད་བྱའི་གཙོ་བོ་འབོར་དུ་ཐོན་པ་དང་མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པོ་ལྡན་པས།རྒྱ་ཆེའི་ལྟད་མོ་བས་དགའ་བསུ་ཚད་མེད་ཐོབ།