རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
བསོད་ནམས་བཀྲ་ཤིས།
བསོད་ནམས་བཀྲ་ཤིས་ནི་བདེ་ཆེན་ཁུལ་འཇོལ་རྫོང་ཡུན་ལིན་ཤང་གི་ཡུལ་མི་ཞིག་ཡིན།2012ལོའི་ཟླ་7པར།བསོད་ནམས་བཀྲ་ཤིས་ཀྱིས་ནན་ཅིན་དུ་སྨིན་དྲུག་ལྷ་མོ་བོད་ཟས་ཟ་ཁང་ཞིག་བཙུགས་པ།ཟ་ཁང་གི་བཟའ་བཅའི་རྒྱུ་ཆ་བོད་ཁུལ་ནས་སྐྱེལ་ཡོང་བ་དང་ཟ་ཁང་གི་ལས་མི་གཙོ་བོ་ནི་བདེ་ཆེན་ཁུལ་ནས་ཡོང་བའི་བོད་མི་ཡིན།
བསོད་ནམས་བཀྲ་ཤིས་ཀྱི་སྨིན་དྲུག་ལྷ་མོ་བོད་ཟས་ཟ་ཁང་ནས་བོད་ཀྱི་འཛུགས་སྐྲུན་རིག་གནས་དང་བཟའ་བཅའི་རིག་གནས།གླུ་གར་རིག་གནས།གོས་ཆས་རིག་གནས།ཡུལ་སྲོལ་གོམས་གཤིས་སོགས་མངོན་ཡོད་ལ།ཟ་ཁང་གི་ནུས་པ་ལྡན་པ་མ་ཟད།བོད་རིགས་དང་རྒྱ་རིགས་ཀྱི་རིག་གནས་བརྗེ་རེས་བྱེད་སར་གྱུར་ཡོད།
བསོད་ནམས་བཀྲ་ཤིས་དང་ཁོང་གི་མགྲོན་པོ་ཚོ།
2017ལོའི་ཟླ་10པར།བསོད་ནམས་བཀྲ་ཤིས་ཀྱི་སྨིན་དྲུག་ལྷ་མོ་བོད་ཟས་ཟ་ཁང་གི་ཡན་ལག་ཟ་ཁང་ཚོད་ལྟའི་ངང་གཉེར་སྐྱོང་བྱེད་འགོ་ཚུགས་པ།
བསོད་ནམས་བཀྲ་ཤིས་ཀྱི་སྨིན་དྲུག་ལྷ་མོ་ཟ་ཁང་གིས་བོད་ཁུལ་གྱི་ཡུལ་ཟས་ཐོན་རྫས་སྤྱོད་པར་རྒྱུན་འཁྱོངས་བྱས།དཔེར་ན་བཟའ་བཅའི་རྒྱུ་ཆའི་ཐོག་ཡག་ཤ་དང་བོད་ཕག་གི་ཤ།ཉི་ཤར་ཡུལ་བྱ།ལུག་ཤར།ནས།ནས་ཆུང་།བདེ་ཆེན་མང་ཚོགས་རང་གིས་སྙོལ་བའི་རྒུན་ཆང་སོགས་སྤྱོད་པ་དང་།ཟ་ཁང་དུ་སྤྱོད་པའི་སྣོན་ཆས་ཡང་ཉི་ཤར་གྱི་རྫ་ནག་དང་ཀོང་རྩེད་རའི་ཤིང་ཕོར།བོད་ཁུལ་གྱི་ཟངས་ཆས་བཅས་ཀྱིས་ཟོས་བ་ཡིན།
བོད་ཀྱི་རིག་གནས་དེ་བས་ལེགས་སུ་དར་སྤེལ་གཏོང་ཆེད།བསོད་ནམས་བཀྲ་ཤིས་ཀྱིས་2013ལོར་སྨིན་དྲུག་ལྷ་མོ་ཞེས་པའི་རོལ་ཆའི་རུ་ཁག་ཅིག་བཙུགས་ནས།ཟ་ཁང་དུ་ཡོང་མི་རྣམས་ལ་བོད་ཀྱི་གླུ་གར་འཁྲབ་སྟོན་བྱས་ཏེ།ལྟད་མོ་བས་ཤིན་ཏུ་དགའ་སུ་ཐོབ་པ་རེད།
བསོད་ནམས་བཀྲ་ཤིས་ཀྱིས་ཟ་ཁང་དུ་སྤྱོད་རྒྱུའི་བེ་ཤ་ཉོ་སྒྲུབ་བྱེད།
2015ལོར།བསོད་ནམས་བཀྲ་ཤིས་ཀྱི་སྨིན་དྲུག་ལྷ་མོ་ཞེས་པའི་མཉམ་སྤྲོ་ཁང་འགོ་བརྩམས་ནས།ཡུལ་སྐོར་བ་ལ་བོད་ཁུལ་དུ་ཡུལ་སྐོར་གཏོང་བའི་སྐོར་ལ་ཞབས་ཞུ་བྱས་ནས།བདེ་ཆེན་ཁུལ་གྱི་ཕུན་སུམ་ཚོགས་པོའི་ཡུལ་སྐོར་ཐོན་ཁུངས་ཁྱབ་སྤེལ་གཏོང་བར་ཕན་ནུས་བྱུང་བ་རེད།
2016ལོ་ནས་བསོད་ནམས་བཀྲ་ཤིས་ཀྱིས་བོད་ཁུལ་གྱི་ཡུལ་ཟས་ལ་བརྟེན་ནས་ཉི་ཤར་རྫ་ནག་གི་ལྟ་སྐོར་དང་རང་ཉིད་ཀྱིས་བཟོ་བ་བརྗོད་བྱ་གཙོ་བོར་གྱུར་བའི་ཡུལ་སྐོར་དང་བེ་ཤ་འཐུས་སྐབས་ཀྱི་1+1ཞེས་པའི་ཉམས་ལེན་ཅན་གྱི་ཡུལ་སྐོར་སོགས་བསྡུས་ནས།ལས་རིགས་ཁག་གི་གདེང་འཇོག་ཐོབ་པ་རེད།
སྨིན་དྲུག་ལྷ་མོ་ཚོང་ཟོག་ཚད་ཡོད་ཀུང་སིས་སྐབས་དང་པོའི་བེ་ཤའི་དུས་ཆེན་དང་ཡུལ་སྐོར་ཁྱབ་སྤེལ་བྱེད་སྒོ་བསྡུས་པ།
2016ལོར།ཁོང་གིས་ད་དུང་སྨིན་དྲུག་ལྷ་མོ་ཚོང་ཟོག་ཚད་ཡོད་ཀུང་སི་བཙུགས་པ།གཙོ་བོ་ནི་བདེ་ཆེན་བོད་ཁུལ་གྱི་ཡུལ་ཟས་ཐོན་རྫས་དང་བཟའ་བཅའ།བཟོ་ལས་ཐོན་རྫས་བཅས་གཉེར་སྐྱོང་བྱེད།
ད་ལོའི་ཟླ་1པོའི་ཚེས་27ཉིན་ནས་ཚེས་28ཉིན་བར།སྨིན་དྲུག་ལྷ་མོ་བོད་ཟས་ཟ་ཁང་གིས་2018ལོའི་འཇོལ་རྫོང་གི་(གནད་འཁེལ་དབུལ་སྐྱོར)སྤུས་ལེགས་གྲགས་ཅན་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་ཡུལ་སྐོར་ཐོན་རྫས་ནན་ཅིན་དུ་ཁྱབ་སྤེལ་གཏོང་བའི་དྲིལ་བསྒྲགས་ཚོགས་འདུ་འཚོགས་ནས།ཕ་ཡུལ་གྱི་དབུལ་ཕོངས་དུད་ཚང་གིས་ཐོན་སྐྱེད་བྱེད་པའི་ཡུལ་བཟས་ཐོན་རྫས་བཙོངས་བ་དང་དྲིལ་བསྒྲགས་བྱས་ཏེ།དབུལ་ཕོངས་དུད་ཚང་ལ་ཡོང་སྤར་བྱུང་བའི་ཕྱུག་གྱུར་ལམ་བུ་ཞིག་གསར་གཏོད་བྱེད་པ་རེད།