བོད་ཡུལ་ལ་ལོ་གསར་གྱི་རྣམ་པས་ཁེངས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-08   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

     ས་ཕོ་ཁྱི་ལོའི་བོད་ཀྱི་ལོ་གསར་ལ་ད་དུང་ཟླ་ཕྱེད་ཙམ་གྱི་དུས་ཚོད་ཡོད་མོད།ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པ་ཡོངས་སུ“ལོ་གསར་གྱི་རྣམ་པས”ཁེངས་འདུག  2018 ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཏག་ཏག་ཉིན་གཅིག་ཏུ་ཁེལ་ཞིང་།ལྷོ་ཁ་གྲོང་ཁྱེར་གྱི་ལོ་གསར་གྱི་ཚོང་ཟོག་བཙོང་སའི་ཁྲོམ་རར་མི་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་བྱེད་པ་དང་།ཚོང་རྫས་ཀྱི་སྣ་མང་ཞིང་ཉོ་འཚོང་གི་བྲིན་ཆེན་པོ་རྒྱུགས་ཀྱི་ཡོད།


    བོད་ཀྱི་སྲོལ་རྒྱུན་གྱི་གོམས་སྲོལ་ལྟར་ན།ལོ་རེའི་བོད་ཀྱི་ལོ་གསར་སྐབས་སུ་མི་རྣམས་ཀྱིས་ལུག་གཅིག་བཤས་ཏེ་དེའི་མགོ་བོ་མཆོད་རྫས་བྱེད་པ་དེར“ལུག་མགོ”ཟེར་ཞིང་དེས་ཕྱུགས་རིགས་དར་བའི་དོན་མཚོན་པ་ཡིན།ད་ལྟར་ཚོང་རའི་ནང་དུ་བཙོངས་པའི“ལུག་མགོ”མང་ཆེ་བ་ནི་ཅུ་གང་གིས་བཟོས་པ་རེད།


སྤུས་ལེགས་ཅན་གྱི་སྐུ་འདྲ།


བོད་ཞྭའི་ཚོང་ཁང་གི་སྒོ་ཁར་བུ་མོ་ཆུང་ཆུང་ཞིག་གིས་མཛེས་ཤིང་སྡུག་པའི་ཞྭ་མོ་གྱོན་པ།





དུས་ཆེན་གཉིས་ལ་ཉེ་བས་ལྷ་ས་གྲོང་ཁྱེར་ཁྲོམ་གཟིགས་སྒང་དུ་རིམ་བཞིན་ལོ་གསར་གྱི་རྣམ་པས་ཁེངས།




ལོ་གསར་གྱི་གྲ་སྒྲིག་བྱེད་བཞིན་པ།