དཔྱིད་གསར་དུས་ཆེན་རིང་རང་ཁུལ་གྱིས་སེམས་ཀྱི་ཉི་ཟླའི་སྐབས་དང་པོའི་གྲོང་བརྒྱའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱ་རྒྱུ་ཡིན་པ།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2018-02-08   རྩོམ་ཁུངས།   

     ཟླ2པའི་ཚེས21ཉིན་ནས་ཚེས24ཉིན་བར་གྱི་ལོ་གསར་ཚེས་དྲུག་ནས་དགུའི་བར་རང་ཁུལ་གྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས་ཕ་ཡུལ་གྱི་མཛེས་སྡུག་ལ་བསྟོད་གླུ་འབུལ་ཞེས་པ་བརྗོད་བྱར་བཟུང་སྟེ2018ལོའི་བདེ་ཆེན་ཁུལ་གྱི་སྐབས་དང་པོའི་སེམས་ཀྱི་ཉི་ཟླའི་གྲོང་ཚོ་བརྒྱ་དང་འགྲན་ཐེངས་སྟོང་གི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱ་རྒྱུ་རེད།   
 ལན་ཆིའུ་སྤོ་ལོའི་འགྲན་བསྡུར་འདི་ནི་ཁུལ་ཨུ་དང་། ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་།   རྫོང་གསུམ་གྱི་རྫོང( གྲོང་ཁྱེར) ཨུ་དང་། རྫོང་མི་དམངས་སྲིད་གཞུང་།   གསར་སྤེལ་ཆུས་དོ་དམ་ཨུ་ལྷན་གྱི་གཉེར་འགན་འཁུར་བ་ཞིག་ཡིན། ཤང་དང་གྲོང་རྡལ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཞིབ་ཕྲའི་ལག་བསྟར་བྱེད་པའི་འགན་འཁུར་རྒྱུ་རེད།    ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  བློ་ཁ་པེ་ཅིང་ལ་ཕྱོགས་ནས་རྩ་དོན་ལ་སྲུང་སྐྱོང་བྱེད་པའི་ཆེད་དོན་སློབ་གསོ་དང་།   གྲོང་ཚོ་གསུམ་གཤམ་སྤེལ་བདུན་འགུལ་སྐྱོད་གཅིག་གི་ལས་གྲྭར་སྐུལ་འདེད་གཏོང་བའི་དམིགས་ཡུལ་བཟུང་ནས་རིག་གནས་དང་ལུས་རྩལ་ཟུང་འབྲེལ་བྱས་ཏེ་སྔར་ལས་ལྷག་པར་གཞི་རིམ་གྱི་གཡུལ་ས་སྲ་བརྟན་དུ་གཏོང་བ་དང་། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ།  འཆམ་མཐུན་གཏན་འཇགས་ལ་སྐུལ་སྤེལ་གཏོང་བ། འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། དམངས་ཡོངས་ལུས་སྦྱོང་དར་སྤེལ་གཏོང་བ།   གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ།   ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྐུལ་ཁྲིད་བྱེད་པ་སོགས་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པ་རེད།  
   ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ནང་རྩ་དོན་ཐོག་གྲོང་མི་ཨུ་ལྷན་གཅིག་ནས་འགྲན་ར་རེ་འཛུགས་པ་དང་།  འགྲན་ཐེངས150ལས་མི་ཉུང་བ།   འགྲན་ར་ནི་ཤང་གྲོང་སྲིད་གཞུང་གནས་ས་དང་།  གྲོང་མི་ཨུ་ལྷན་གནས་ས།  སྤྱི་གླིང་ལྗོངས་ཁུལ།   འགྲིམ་འགྲུལ་ལམ་རྒྱུད་ཀྱི་རང་བྱུང་གྲོང་ཚོ་སོགས་ཡིན་དགོས།   འགྲན་བསྡུར་གྱི་བར་སྐབས་སུ་གསར་བརྗེའི་གློག་བརྙན་ལ་གཟིགས་པ་དང་།  ས་གནས་ཀྱི་མི་རིགས་གླུ་གར་འགྲེམས་སྟོན་བྱེད་པ་སོགས་ཀྱི་ལེ་ཚན་སྟོན་རྒྱུ་རེད།         (དོན་འགྲུབ་ཀྱིས་བསྒྱུར།)