རྩོམ་པ་པོ།   མི་གསལ།   ཡིག་བསྒྱུར།       དུས་ཚོད།   2018-02-08   རྩོམ་ཁུངས།   
2017ལོར། འཇོལ་རྫོང་གི་ཡུལ་སྐོར་དཔལ་འབྱོར་འཁོར་བསྐྱོད་བྱས་པའི་གནས་ཚུལ་ལེགས་ཤིང་། བརྟན་བརླིང་གི་ཁྲོད་ནས་མཐོར་འདེགས་བྱུང་སྟེ། ལོ་ཧྲིལ་བོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས259སྣེ་ལེན་བྱས་ཡོད་ཅིང་། ན་ནིང་གི་དུས་མཉམ་ལས12%འཕར་སྣོན་བྱུང་ཡོད། ཡུལ་སྐོར་སྤྱི་ཚོགས་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར17མངོན་འགྱུར་བྱུང་ཞིང་དུས་མཉམ་ལས11%འཕར་སྣོན་བྱུང་ཡོད། ཡུལ་སྐོར་གཏན་འཇགས་མ་རྩ་མ་འཇོག་སྒོར་དུང་ཕྱུར3.2ལེགས་འགྲུབ་བྱུང་ཡོད།
མིག་སྔར་འཇོལ་རྫོང་གི་ཡུལ་སྐོར་ལས་སྒོའི་ལས་ཀ་ཁག་གོ་རིམ་ལྡན་པའི་ངང་ནས་སྐུལ་སྤེལ་གཏོང་བཞིན་ཡོད་ཅིང་། མ་འཇོག་རྣམ་གྲངས་མུ་མཐུད་ནས་འཕར་སྣོན་བྱུང་ནས་དཔལ་འབྱོར་དམིགས་ཚད་མུ་མཐུད་དེ་མཐོར་འདེགས་བྱུང་ཡོད། ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་སྤྱི་ཁོག་གི་ཁོར་ཡུག་མུ་མཐུད་ནས་ལེགས་བཅོས་བྱས་ཡོད་པ་དང་། རྫོང་ཡོངས་ཀྱི་ཡུལ་སྐོར་དཔལ་འབྱོར་མུ་མཐུད་ནས་བརྟན་བརླིང་གིས་འཕེལ་རྒྱས་ཡོང་བར་རྒྱུན་འཁྱོངས་བྱས་ཡོད།
ན་ནིང་རྫོང་འདིས་གཅིག་ནས་འཇོལ་རྫོང་གི་མཚན་སྙན་གྲགས་ཇེ་ཆེར་གཏོང་བར་དྲིལ་བསྒྲགས་བྱས་ཡོད། གཉིས་ནས་བདེ་འཇགས་ཐོན་སྐྱེད་ཀྱིས་ཡུལ་སྐོར་སྒྲིག་ལམ་ཇེ་བཟང་དུ་ཡོང་བར་སྐུལ་འདེད་བཏང་ཡོད། གསུམ་ནས་ཞིང་གྲོང་ཡུལ་སྐོར་གྱི་ནུས་པ་གཅིག་ཏུ་བསྡུས་ནས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད། གཞན་ཇོ་བོ་ནམ་མཁའ་བཀྲ་ཤིས་ལྗོངས་ཁུལ་དུ་བརྙན་ཤེལ་ཆེན་པོའི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་དང་ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་བ་སོགས་ནན་ཏན་གྱིས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྐྱོང་བྱས་ནས་འཇོལ་རྫོང་གི་ཡུལ་སྐོར་ཁོར་ཡུག་ཇེ་བཟང་དུ་བཏང་ཡོད། (ཚེ་རིང་གིས་བསྒྱུར།)