གྲངས་གཞིའི་གློག་བརྙན་གྱིས་ཞིང་གྲོང་མང་ཚོགས་ལ་དགའ་སྣང་སྦྱིན་པ།

རྩོམ་པ་པོ།   མི་གསལ།   ཡིག་བསྒྱུར།       དུས་ཚོད།   2018-02-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 

   ཟླ་2པའི་ཚེས་3ཉིན་གྱི་དགོང་མོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཅིན་ཅང་གྲོང་རྡལ་ཞིན་ཝུན་གྲོང་ཚོའི་ཞིང་དུད་ཅིག་གི་གཉེན་སྟོན་མཛད་སྒོའི་ཐོག་དམིགས་བསལ་གྱི་ལེ་ཚན་ཞིག་གིས་ལྟད་མོ་བ་མང་པོའི་བློ་ཁ་དྲངས་ཡོད།  ཞིང་ཁྱིམ་སྒོ་རའི་ནང་དུ་ལྒང་བཞུ་དམར་པོས་བརྒྱན་པ་དང་། གྲོང་མི་ཚོ་གྲལ་བསྒྲིགས་ནས་གློག་བརྙན་ལ་བལྟ་བའི་གྲ་སྒྲིག་བྱེད།   བདེ་ཆེན་ཁུལ་གྲོང་གསེབ་སྤྱི་ཕན་གློག་བརྙན་བརྙན་སྟོན་རུ་ཁག་གིས་རྒྱ་ཆེའི་མང་ཚོགས་ལ་རིན་མེད་གློག་བརྙན་ཞིག་གི་ལེགས་སྐྱེས་ཕུལ་ཡོད།    གློག་བརྙན་སྟོན་ཐེངས་འདིས་གྲོང་མི་རྣམས་ལ་སྤྲོ་སྣང་ངེས་ཅན་ཞིག་སྦྱིན་ཡོད་ཅིང་།   གློག་བརྙན་ནང་གི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཀྱིས་ཀུན་གྱི་ཡིད་སེམས་དབང་མེད་དུ་བཀུག་ཡོད།   གློག་བརྙན་ལ་བལྟས་ཚར་རྗེས་གྲོང་མི་རྣམས་ཀྱིས་འདེབས་འཛུགས་དང་གསོ་སྤེལ་སོགས་ཀྱི་ཉམས་མྱོང་ཡང་གླེང་བཞིན་ཡོད།  
  གྲོང་གསེབ་ཀྱི་སྤྱི་ཕན་གློག་བརྙན་སྟོན་པའི་ལས་གཞི་ནི་ཏང་དང་རྒྱལ་ཁབ་ཀྱི་རིག་གནས་དམངས་ཕན་ལས་གྲྭའི་གྲས་ཤིག་ཡིན་པ་དང་།  གྲོང་གསེབ་ཀྱི་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱབ་ནས་མི་དམངས་མང་ཚོགས་ཀྱི་རིམ་པ་དང་ཕྱོགས་མང་པོའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ།  གྲོང་གསེབ་ཀྱི་དཔལ་འབྱོར་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།  མིག་སྔར་བདེ་ཆེན་ཁུལ་དུ་ཁྱོན་བསྡོམས་གྲོང་གསེབ་སྤྱི་ཕན་གློག་བརྙན་བརྙན་སྟོན་རུ་ཁག་13ཡོད་པ་དང་། 2017 ལོའི་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ལ་སྤྱི་ཕན་གློག་བརྙན་ཐེངས་2160ལ་བསྟན་ཡོད།   གློག་བརྙན་གྱི་ནང་དོན་སྐོར་ལ་འདེབས་འཛུགས་དང་། ལོ་རྒྱུས་དམག་འཁྲུག་གི་དངོས་དོན་ཟིན་བྲིས།  གནའ་བོའི་དྲག་འཛིང་གཏམ་རྒྱུད་སོགས་ཡོད་ཅིང་།   འབའ་ལུང་རྫོང་གི་ལི་སུའུ་གྲོང་ཚོར་ལི་སུའི་སྐད་ཀྱི་གློག་བརྙན་གྱི་པར་གཞི་ཁྱབ་གདལ་བཏང་ཡོད།    བོད་ཡིག་པར་མའི་གློག་བརྙན་ནི་རེ་ཞུ་བྱེད་བཞིན་པའི་སྒང་ཡིན་པ་རེད།