གནའ་གྲོང་ལྷ་སར་ལོ་གསར་གྱི་དགའ་སྤྲོའི་རྣམ་པས་ཁེངས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-02-12   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚིགས།

 

     བོད་ཀྱི་ལོ་གསར་འཆར་གྲབས་ཡོད་པ་དང་བསྟུན། གནའ་གྲོང་ལྷ་སས་རིམ་བཞིན་དུས་ཆེན་གྱི་གཟབ་མཆོར་ཀླུབས་བཞིན་ཡོད་པ་སྟེ་གང་སར་ལྷབ་ལྷུབ་ཏུ་གཡོ་བའི་དར་ཚོན་སྣ་ལྔ་དང་དམར་མདངས་བཀྲ་བའི་ལྒང་ཞུ།  མེ་ཏོག་སོལ་པ་བཅས་ཀྱིས་ཁེངས་ནས་ཡོད།  ལྷག་པར་དུ་ཕོ་བྲང་པོ་ཏ་ལའི་མདུན་ངོས་སུ་བཙུགས་པའི་ལོ་གསར་བསུ་བའི་གྲོ་སོ་ཕྱེ་མར་སོགས་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལོ་གསར་གྱི་སྒྲིག་ཆས་བཟོ་དབྱིབས་དེ་དག་གིས་རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་འཕྲོག་བཞིན་ཡོད།