རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2018-02-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཁུལ་ཨུའི་ཧྲུའུ་ཅི་འམ་ཁུལ་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་པའམ་ཁུལ་དཔོན་ཆི་ཅན་ཞིན་གྱི་མངགས་ལྟར། ། ཟླ2པའི་ཚེས་10 ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁྲ་ཀྲུང་ཝང་གིས་ཁུལ་རིམ་རིམ་པའི་འགོ་ཁྲིད་ཚོགས་པའི་ཚན་ཁག་བཞི་བོའི་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁུལ་དུ་སྡོད་པའི་རང་ཁུལ་གྱི་འགོ་ཁྲིད་རྒན་པ་དང་། ལས་འཁྱུར་དང་རྒན་གཡོལ་ཞུས་པའི་ལས་བྱེད་པ་རྣམས་ལ་འཚམས་འདྲི་བྱས་ཤིང་། 2018ལོའི་སེམས་ཀྱི་ཉི་ཟླར་སྡོད་པའི་(ཐིང་རིམ་པ)
ལས་འཁྱུར་དང་རྒན་གཡོལ་ལས་བྱེད་པའི་ལོ་གསར་བསུ་བའི་སྟོན་མོ་བསྡུས་པ་མ་ཟད། ཁོང་རྣམ་པ་ཚོ་ལ་ལོ་གསར་གྱི་སྨོན་འདུན་དང་ཁ་གཡང་བོས་པ་རེད།
ཁྲ་ཀྲུང་ཝང་གིས2018ལོ་ནི་རང་ཁུལ་གྱིས་གཏིང་ཟབ་སྒོས་ཕྱོགས་ཡོངས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པའི་འགོ་འཛུགས་ལོ་ཞིག་དང་། གཏིང་ཟབ་ཀྱིས་དབུལ་ཕོངས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀ་ནན་ཏན་གྱིས་སྒྲུབ་ནས་ཕྱོགས་ཡོངས་ཀྱིས་འབྱོར་འབྲིང་ལ་རྒྱལ་ཁ་ལེན་པའི་གནད་འགག་ཆེ་བའི་ལོ་ཞིག་ཡིན། དམིགས་ཚད་དང་ལས་འགན་ཁག་སྒྲུབ་པར་ལས་བྱེད་རྒན་པའི་རྒྱབ་སྐྱོར་དང་རོགས་རམ་དང་ཁ་འབྲལ་ཐབས་མེད། ལྷག་བསམ་རྣམ་དག་གིས་ལས་བྱེད་པ་རྒན་པ་ཚོས་སྔར་ལས་ལྷག་པའི་སྒོ་ནས་བདེ་ཆེན་གྱི་ཚན་པ་ཁག་གི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས། མུ་མཐུད་དེ་ལས་བྱེད་པ་རྒན་པའི་ཏང་་གཤིས་བཟང་བ་དང་། སྙན་གྲགས་ཆེ་བ། ཉམས་མྱོང་ཕུན་སུམ་ཚོགས་པ། མང་ཚོགས་ཀྱི་རྨང་གཞི་བཟང་བའི་ཁྱད་ཆོས་འདོན་སྤེལ་བྱས་ཏེ་རང་ཁུལ་གྱི་འཕེལ་རྒྱས་ལ་དྲང་ཕྱོགས་ཀྱི་ནུས་པ་འདོན་རྒྱུའི་རེ་བ་ཞུས་པ་རེད།