ཀུའུ་ཁུན་གྱིས་དབུལ་སྐྱོར་མདུན་ཕྱོགས་ལ་འཚམས་འདྲི་བྱེད་པའི་ལམ་བར་ནས་རྨས་སྐྱོན་ལྕི་མོ་ཕོག་པའི་ལས་བྱེད་པ་ཧོ་ཞུའེ་ཧྥུན་ལ་འཚམས་འདྲི་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


        ཟླ་2པའི་ཚེས་12ཉིན་ཁུལ་ཨུའུ་ཧྲུའུ་ཅུ།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ཁང་གི་ཀྲུའུ་རེན་ཀུའུ་ཁུན་གྱིས་ཡུན་ནན་ཞིང་ཆེན་མི་དམངས་སྨན་ཁང་དང་བོའི་ནང་ལ་དབུལ་སྐྱོར་མདུན་ཕྱོགས་ལ་འཚམས་འདྲི་བྱས་པའི་ལམ་བར་ནས་རྨས་སྐྱོན་ལྕི་མོ་ཕོག་པའི་ལས་བྱེད་པ་ཧོ་ཞུའེ་ཧྥུན་ལ་ལྟ་རུ་སོང་ལ། ནན་ཏན་གྱིས་ཁོ་མོའི་སྨས་སྐྱོན་དང་སྨན་བཅོས་ཀྱི་ཇུས་གཞི། རྗེས་ཕྱོགས་ཀྱི་སྨན་བཅོས་འཆར་གཞི་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། ཁོ་མོར་ཡིད་ཆེས་བརྟན་པོས་སྤྲོ་སྣང་གི་སྒོ་ནས་དོན་དངོས་གནས་ཚུལ་གདོང་ལེན་བྱེད་དགོས་པ་དང་། ཧུར་བརྩོན་གྱིས་སྨན་བཅོས་ལ་རམས་འདེགས་བྱས་ནས་སྔ་མོར་དཀའ་ཁག་ལས་རྣམ་པར་རྒྱལ་ཐུབ་པ་བྱེད་དགོས་ཚུལ་བཤད་ལ།ཁོས་ད་རུང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་སྨན་ཁང་གི་རྗེས་མཐུད་སྨན་བཅོས་ཀྱི་རམས་འདེགས་ལས་ཀ་བསྒྲུབ་ནས་སྔ་མོར་ནད་ལས་གྲོལ་ཐུབ་པར་བྱ་ཞེས་བཤད།  ཞོར་ཏུ་ཀུའུ་ཁུན་གྱིས་ཧོ་ཞུའེ་ཧྥུན་གྱི་ཁྱོ་ག་དང་བྱིས་པ་སོགས་ཡོད་པའི་གཉེན་ཉེར་འཚམས་འདྲི་བྱས་པ་རེད།