ཕ་བུའི་དབྱངས་རྟ་ཞེས་པ་རྒྱལ་ཡོངས་ན་གཞོན་ལོ་གསར་དགོང་ཚོགས་སྟེང་འཁྲབ་སྟོན་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-15   རྩོམ་ཁུངས།   

      ཉེ་ཆར། པེ་ཅིང་ནས་བསྡུས་པའི་སྐབས་བཅུ་བཞི་བའི་ང་རང་མེས་རྒྱལ་ལ་དགའ་ཞེས་པའི་ན་གཞོན་རིག་རྩལ་བརྙན་འཕྲིན་འཁྲབ་སྟོན་ཁྲོད་འཇོལ་རྫོང་རིག་གནས་ཁང་གིས་འདེམས་གཏོང་བྱས་པའི་རིག་རྩལ་ཁྲབ་སྟོན་《ཕ་བུའི་དབྱངས་རྟ་》ཞེས་པའི་འཁྲབ་ཚན་དེ་རྒྱལ་ཡོངས་ཀྱི་འཁྲབ་ཚན་60ལྷག་ལས་འདེམས་ཐོན་བྱུང་ཞིང་། རོལ་ཆས་དང་བྲོ་གར་མཉམ་འདུས་ཀྱི་འཁྲབ་ཚན་ནང་ནས་གསེར་གྱི་བྱ་དགའ་ཐོབ་པ་མ་ཟད། རྒྱལ་ཡོངས་ཀྱི་སྐབས་བཅུ་བཞི་བའི་ང་རང་མེས་རྒྱལ་ལ་དགའ་ཞེས་པའི་ན་གཞོན་དཔྱིད་གསར་དགོང་ཚོགས་ཀྱི་གར་སྟེགས་སྟེང་ནས་འཁྲབ་སྟོན་བྱས་པ་རེད། དཔྱིད་གསར་དུས་ཆེན་སྐབས་ལ་འཁྲབ་ཚན་འདི་ཀྲུང་དབྱངས་བརྙན་འཕྲིནཁང་གི་བྱིས་པའི་ལེ་ཚན་དང་སློབ་གསོའི་ལེ་ཚན་བཅས་ནས་གཏོང་རྒྱུ་ཡིན་པ་རེད། 

      རྒྱུས་ལོན་བྱུང་བ་ལྟར་ན་《ཕ་བུའི་དབྱངས་རྟ་》ཞེས་པའི་འཁྲབ་ཚན་འདི་འཇོལ་རྫོང་རིག་གནས་ཁང་གི་པདྨ་ཕུན་ཚོགས་དང་རྫོང་སློབ་ཆུང་དང་བོའི་དགེ་རྒན་ཨ་ལ་འགོའི་ནོར་བུའི་པི་ཝང་དཀྲོལ་བར་སྤྲོ་སྣང་ཡོད་པའི་སློབ་མ་ཚོ་དང་མཉམ་དུ་འཁྲབ་སྟོན་བྱས་པ་ཞིག་ཡིན་ལ། སྙན་འཇེབས་ཀྱི་དབྱངས་རྟས་དཔྱད་འདེམས་པ་ཚོའི་ཡིད་སེམས་བཀུག་པས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད། 
 ཉེ་བའི་ལོ་འདི་དག་གི་རིང་ལ་འཇོལ་རྫོང་གིས་སྲོལ་རྒྱུན་རིག་གནས་སློབ་རར་སྐྱོད་པ་དང་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སོགས་བསྡུ་བར་ཤུགས་སྣོན་བྱས་པ་རེད། རྫོང་རིག་གནས་ཁང་དང་སློབ་གྲྭ་སོ་སོ་མཉམ་འབྲེལ་བྱས་ནས་པི་ཝང་གི་གསོ་སྦྱོང་འཛིན་གྲྭ་བཙུགས་ཡོད་ཅིང་། དེའི་ཁྲོད་རྫོང་སློང་ཆུང་དང་བོའི་པི་ཝང་དཀྲོལ་བར་སྤྲོ་བ་ཡོད་པའི་ཚོ་ཆུང་གི་སློབ་མ་རྣམས་ཀྱིས་དགེ་རྒན་གྱི་སྣེ་ཁྲིད་འོག་པི་ཝང་དཀྲོལ་སྟངས་སློབ་སྦྱོང་ལེགས་པོ་བྱས་ནས། དུས་དེ་རིང་པི་ཝང་དཀྲོལ་བར་ཧ་ཅང་བྱང་ཆ་ལྡན་དེ། ཞིང་ཆེན་ནང་ཁུལ་ནས་འགྲན་བསྡུར་མང་བོར་ཞུགས་ཤིང་བྱ་དགའ་མང་བོ་ཐོབ་མྱོང་། 
 ཨ་ལ་འགོའི་ནོར་བུ་དང་པདྨ་ཕུན་ཚོགས་ཁོང་གཉིས་སོ་སོར་སྣེ་སྟོན་དགེ་རྒན་བཟང་བོ་དང་འཁྲབ་སྟོན་པ་བཟང་བོའི་བྱ་དགའ་ཐོབ་ཅིང་། རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་འཇོལ་རྫོང་རིག་གནས་ཁང་ལ་སྐབས་བཅུ་བཞི་བའི་ང་རང་མེས་རྒྱལ་ལ་དགའ་ཞེས་པའི་ན་གཞོན་དཔྱིད་གསར་དགོང་ཚོགས་ཀྱི་རིག་རྩལ་འཇོན་མིའི་གསོ་སྦྱོང་ལྟེ་གནས་ཀྱི་ཆེད་དབང་གནང་བ་རེད།