རྒྱལ་ཡོངས་སྐབས་གསུམ་པའི་གྲོད་ཤའི་ཚོགས་ཆེན་མི་འགྱང་བར་བདེ་ཆེནནས་འཚོགས་རྒྱུ།་

རྩོམ་པ་པོ།   རིན་ཆེན།  ཡིག་བསྒྱུར།       དུས་ཚོད།   2018-02-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ཟླ་2པའི་ཚེས་11ཉིན་རྒྱལ་ཡོངས་སྐབས་གསུམ་པའི་གྲོད་ཤའི་ཚོགས་ཆེན་གྱི་གྲ་སྒྲིག་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་སྐབས་གསུམ་པའི་གྲོད་ཤའི་ཚོགས་ཆེན་ཟླ་3པར་བདེ་ཆེན་ནས་ཚོགས་རྒྱུ་ཡིན། 

 གྲ་སྒྲིག་ཚོགས་འདུའི་སྟེང་གྲོད་ཤའི་ཚོགས་ཆེན་གྱིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་གནད་འགག་གི་དུས་སྐབས་འདི་ལས་རྣམ་པར་རྒྱལ་ཐུབ་པ་དང་རང་ཁུལ་གྱི་ཟས་རིགས་ཤ་མོའི་ཐོན་ལས་འཕེལ་རྒྱས་ལ་མཚོན་ན་སྐུལ་སློང་ཆེན་པོ་ཞིག་ཡིན་ལ། ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་རྒྱ་ཆེར་བསྐྱེད་ན་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་བྱུང་བར་དོན་སྙིང་ཆེན་པོ་ལྡན་པ་བསྟན། 
     གྲོས་ཚོགས་སྟེང་སྔར་ལས་ལྷག་པར་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་སྒོས་ཁུལ་ཡོངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་རྒྱ་ཆེའི་ལས་བྱེད་པ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་དམངས་བཅས་ཧུར་བརྩོན་གྱིས་བྱེད་སྒོ་འདིའི་ནང་ཞུགས་པར་སྐུལ་སློང་བྱེད་དགོས་ལ། ཚོགས་ཆེན་གྱི་གྲ་སྒྲིག་ལས་ཀ་ཞིབ་ཚགས་ཀྱིས་བསྒྲུབ་དགོས་པ་མ་ཟད། ཁྱད་ཆོས་ལྡན་པ་དང་ཆུ་ཚད་མཐོ་བའི་གྲོས་ཚོགས་ཞིག་བསྡུ་དགོས། ཚོགས་ཆེན་གྱི་གོ་སྐབས་དང་བསྟུན་ནས་མགྱོགས་མྱུར་གྱིས་སེམས་ཀྱི་ཉི་ཟླའི་ཟས་རིགས་ཤ་མོའི་ཐོན་ལས་ལས་རིགས་ཀྱི་མཐུན་ཚོགས་དབུ་བརྙེས་པའི་གྲ་སྒྲིག་ལས་ཀར་སྐུལ་འདེད་གཏོང་དགོས་ལ།  ཧུར་བརྩོན་གྱིས་སྲིད་གཞུང་དང་ཚོང་གཉེར་སྒྲིག་གཞི། ཚོང་ར་བཅས་ཕན་ཚུན་འབྲེལ་མཐུད་ཡོང་བར་བྱེད་དགོས་པ་དམིགས་སུ་བསྟན། 
      གྲོས་ཚོགས་སྟེང་ད་རུང་ཐེངས་འདིའི་ཚོགས་ཆེན་གྱི་གལ་ཆེའི་རིང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐོབ་པ་བྱས་ནས་གྲ་སྒྲིག་ཞིབ་ཚགས་ཡོར་བར་བྱེད་དགོས་ལ། 《རྒྱལ་ཡོངས་སྐབས་གསུམ་པའི་གྲོད་ཤའི་ཚོགས་ཆེན་གྱི་བྱེད་སྒོའི་ཇུས་གཞི་》ལྟར་འགོ་འཛུགས་མཛད་སྒོ་དང་བརྗོད་གཞིའི་གླེང་སྟེགས་སོགས་ཟས་རིགས་ཤ་མོའི་ཐོན་ལས་ཀྱི་བདེ་ཐང་འཕེལ་ཕྱོགས་ལ་དམིགས་དགོས་ལ། བློ་རྒྱ་ཆེ་རུ་བསྐྱེད་ནས་གྲོས་ཚོགས་སྔོན་གྱི་སྦྲེལ་མཐུད་དང་གྲོས་ཚོགས་སྐབས་ཀྱི་གླེང་གཞི་གཙོ་བོ། གྲོས་ཚོགས་རྗེས་ཀྱི་འཕེལ་ཕྱོགས་བཅས་ལ་ཡིད་གཟབ་ནན་མོ་བྱེད་དགོས། དེ་མིན་སྐུ་མགྲོན་གྱི་གདན་ཞུ་དང་མ་རྩ་འདྲེན་འགུག  ལས་གཞི་སོ་སོའི་ཇུས་གཞི། ཧུར་བརྩོན་གྱིས་བྱེད་སྒོའི་རྣམ་པས་ཁེངས་ཐུབ་པ་བཅས་ཀྱི་ལས་གཞི་སོ་སོ་གང་ལེགས་ཀྱིས་བསྒྲུབ་ནས། རང་ཁུལ་གྱི་གྲོད་ཤའི་ཐོན་ལས་ཕྱི་ལ་བསྐྱོད་ཐུབ་པར་སྐུལ་འདེད་བཏང་དགོས་ལ། རྒྱུན་མཐུད་སྒོས་གྲོད་ཤའི་ཐོན་ལས་ཕྱི་ཕྱོགས་ནས་དྲིལ་བསྒྲག་བྱེད་པའི་ཕན་འབྲས་ཇེ་ཆེ་རུ་གཏོང་དགོས་པ་སོགས་ཀྱི་རེ་བ་བཏོན་པ་རེད། 
 ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚའེ་ཝུའུ་ཁྲེང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་ཞིང་། དེ་མིན་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཡུན་ཀྲུང་དང་ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཞིང་ལས་ལས་དོན་གྱི་གཞུང་སྒྲུབ་ཁང་སོགས་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག  རྫོང་སོ་སོའི་(གྲོང་ཁྱེར)མི་དམངས་སྲིད་གཞུང་། གསར་་སྤེལ་ས་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཛིན་མི་སྣ། བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་ཟས་རིགས་ཤ་མོའི་ལས་རིགས་མཐུན་ཚོགས་ཀྱི་གྲོས་འགོ་འདོན་པའི་ལས་འཛིན་ལས་ཁུངས་སོགས་ཀྱི་འབྲེལ་ཡོད་མི་སྣ་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།       (རིན་ཆེན་ཚེ་རིང་གིས་བསྒྱུར།)