རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ2པའི་ཚེས་9ཉིན་དུ་འཚོགས་པའི་ཁུལ་ཡོངས་ཀྱི་ཆུ་དོན་ལས་ཀའི་ཚོགས་འདུ་ཐོག་ནས་ཤེས་གསལ་བྱུང་དོན། 2018ལོར། ཁུལ་ཡོངས་ཀྱི་ཆུ་དོན་ལས་ཀ་གཙོ་གནད་གནད་དོན་གཉིས་ལ་དོར་ཁུར་བྱེད་པ་དང་ཐད་གསུམ་གོང་དུ་གཏོང་བ། ཕྱོགས་ཡོངས་བཞི་འབུར་དུ་ཐོན་པ་བཅས་ཀྱི་ཕྱོགས་ནས་ཤུགས་ཆེར་གཏོང་རྒྱུ་ཡིན།
གནད་དོན་གཉིས་ལ་དོར་ཁུར་བྱེད་པ་ནི། སྟོབས་ཤུགས་གཅིག་བསྡུས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་སྐུལ་སྤེལ་གཏོང་སྟེ། ལོ་ནང་དུ་གྲོང་གསེབ་ཀྱི་མི་ཁྲི6.3གྱི་འཐུང་ཆུའི་བདེ་འཇགས་གོང་དུ་གཏོང་བ་དང་ལས་ཆོད་མཐོན་པོའི་ཆུ་གྲོན་ཆུང་སྒོས་གཏོང་བའི་ཞིང་མུའུ་ཁྲི་0.85གསར་དུ་སྣོན་པ། ཚད་མཐོན་པོའི་ཞིང་ས་མུའུ་ཁྲི་1.42སྐྲུན་དགོས། གཡོ་མེད་བརྟན་པོས་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀ་སྐུལ་སྤེལ་གཏོང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བར་གཙོ་གནད་དུ་བྱས་ནས་ཕྱོགས་ཡོངས་ནས་ཆུ་དཔོན་ལམ་ལུགས་སྐུལ་སྤེལ་གཏོང་བ།
ཐད་གསུམ་གོང་དུ་གཏོང་བ་ནི། གྲོང་གསེབ་ཀྱི་འཐུང་ཆུའི་མཐུན་ཚད་གོང་དུ་གཏོང་སྟེ་2018ལོར་རྫོང་དང་གྲོང་ཁྱེར་སོ་སོའི་ཆུ་སྤུས་ཀྱི་མཐུན་ཚད་50%ཡན་ཟིན་པ་ཁག་ཐེག་བྱེད་དགོས་པ་དང་། 2020ལོར་མཐུན་ཚད་67.36%བརྒལ་དགོས། ཐབས་བརྒྱ་ཇུས་སྟོང་གིས་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ཀྱི་ཆུ་ཚད་གོང་དུ་གཏོང་སྟེ། ཆུ་དོན་ལས་ཀའི་འཛུགས་སྐྲུན་མྱུར་དུ་གཏོང་བའི་དུས་མཚུངས་སུ་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ཀྱི་ཆུ་ཚད་ལ་མཐོང་ཆེན་བྱེད་དགོས། ཐབས་ཤེས་ཡོད་དགུ་ཡིས་རྣམ་གྲངས་ཀྱི་གསོག་འཇོག་དང་དུས་འགོའི་ལས་ཀའི་སྤུས་ཚད་གོང་དུ་གཏོང་དགོས།
ཕྱོགས་ཡོངས་བཞི་འབུར་དུ་ཐོན་པ་ནི། ཕྱོགས་ཡོངས་ནས་རྣམ་གྲངས་སྐུལ་འདེད་ཤུགས་ཆེར་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་ཆུ་དོན་གྱི་སྒྱུར་བཅོས་དར་འཕེལ་ཤུགས་ཆེར་གཏོང་སྟེ་མུའུ་ཁྲི་3.79ཡི་སྒྱུར་བཅོས་ལས་འགན་ལེགས་སྒྲུབ་བྱུང་དགོས་པ་དང་། ཕྱོགས་ཡོངས་ནས་ཞོད་ཐོན་སྔོན་འགོག་བྱེད་ཤུགས་ཆེར་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་སྤྱོད་ཚུལ་ལེགས་སྐྱོང་བྱེད་ཤུགས་ཆེར་གཏོང་དགོས་པ།