རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ་2པའི་ཚེས17ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུའི་ཐོག 2018ལོའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལ་བསུ་བའི་བོད་ས་ཕོ་ཁྱི་ལོའི་སྤྲོ་སྐྱིད་ལྡན་པའི་ཤམ་བྷ་ལ་ཞེས་པའི་དཔྱིད་གསར་དུས་ཆེན་བསུ་བའི་དམངས་སྲོལ་རིག་གནས་རིམ་སྤེལ་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས་པ་རེད།བྱེད་སྒོར་ཞུགས་པའི་ཁུལ་དང་གྲོང་ཁྱེར་གྱི་འགོ་ཁྲིད་ཚོས་ལོ་80 ཡན་སོན་པའི་རྒན་པ་རྣམས་ལ་དྲི་མེད་དྭངས་གཙང་གི་ཁ་བཏགས་དང་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཕུལ་བ་རེད། རྒྱལ་ཐང་གྲོང་རྡལ་ནས་ཕེབས་པའི་འབྲུག་སེང་རུ་ཁག་གིས་རྒན་པ་རྣམས་དང་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་གསོན་ཉམས་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་ཡོད། ཐེངས་འདིའི་བྱེད་སྒོ་ཐོག་གླུ་དང་གར། རོལ་དབྱངས་སོགས་ལེ་ཚན15ལྷག་འཁྲབ་སྟོན་བྱས་ཡོད།
བྱེད་སྒོའི་ཐོག་རང་ཁུལ་གྱི་རིག་རྩལ་འཁྲབ་སྟོན་མི་སྣས་རྒྱ་ཆེ་བའི་མང་ཚོགས་ལ་ནང་དོན་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་གྱི་ལྟད་མོ་ཕུལ་ཡོད་ཅིང་། བཀྲ་ཤིས་པའི་ཁ་བཏགས་དང་། ཨ་ཁྲུ་མུའུ་ཀ ཡ་ཨ་ལིས། ཉི་ཤར་བྱམས་བྲོ་ལ་སོགས་པའི་ཞབས་བྲོ་དང་། ཁ་བ་དང་། ལོ་གསར་བཟང་། སྤྲོ་སྐྱིད་ལྡན་པའི་ཤམ་བྷ་ལ་སོགས་གླུ་གཞས་ཀྱིས་ཀུན་གྱི་ཡིད་སེམས་དབང་མེད་དུ་བཀུག་ཡོད། ཕྱི་དྲོར་སེམས་ཀྱི་ཉི་ཟླའི་དམངས་ཁྲོད་གླུ་གར་འཁྲབ་སྟོན་ཡང་བྱས་ཡོད་ཅིང་། ཤང་དང་གྲོང་རྡལ་སོ་སོ་ནས་ཕེབས་པའི་འཐུས་ཚབ་རུ་ཁག་གིས་རིག་རྩལ་འཁྲབ་སྟོན་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ་ཡོད།
རིག་རྩལ་སྤྲོ་ཚོགས་ཀྱི་ཡུལ་དངོས།
འགོ་ཁྲིད་ཀྱིས་གསུང་བཤད་གནང་བཞིན་པ།