རྩོམ་པ་པོ།   པདྨ་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-02-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ད་ལོའི་རྒྱ་ལོའི་ལོ་གསར་དེ་བོད་ལོའི་ལོ་གསར་དང་ཉིན་གཅིག་ཏུ་ཁེལ་ཡོད་ལ། སྲོལ་རྒྱུན་ལྟར་ན་མྱི་ཟུར་གྱི་བོད་པ་རྣམས་ཀྱིས་ཉི་ཤུ་དགུའི་ཉིན་ནས་བཟུང་ལོ་སར་དངོས་སུ་འགོ་ཚུགས་པ་ཡིན།ད་ལོའི་ཡུལ་འདིའི་ལོ་སར་ལོ་རྒྱུན་དང་ཅུང་མི་འདྲ་སྟེ། ལྷ་བསང་གཏོང་བ་དང་ལབ་རྩེ་གཏོད་པ།ལོ་སར་ལ་འགྲོ་བ། མགྲོན་ལ་འགྲོ་བ་སོགས་ཡོད་པ་མ་ཟད། ལོ་གསར་ཚེས་གཅིག་ཉིན་ནས་ཚེས་ལྔའི་བར་ཏུ་རིག་གནས་རོལ་རྩེའི་བྱེད་སྒོ་སྣ་ཚོགས་བཀོད་སྒྲིག་བྱས་ནས་ལོ་གསར་གྱི་དུས་སྟོན་འདི་དགའ་སྤྲོའི་སྣང་བ་ཞིག་གིས་ཡོངས་སུ་ཁེངས་པར་བྱས་ཡོད།
མྱི་ཟུར་སྡེ་བར་གཉའ་གྲོང་དང་བར་གྲོང།ཕ་ལག་སོགས་སྡེ་དམངས་རྩ་འཛུགས་ཚོ་ཆུང་གསུམ་ཡོད་ལ།ཚེས་པ་བཞིའི་སྔོན་ལ་ཚོ་ཆུང་སོ་སོས་ལོ་གསར་གྱི་རིག་གནས་རོལ་རྩེད་བྱེད་སྒོ་བཀོད་སྒྲིག་བྱས་ཡོད་མ་ཟད།ཚོ་ཆུང་གཞན་པ་རྣམས་ཀྱང་བྱེད་སྒོའི་ནང་ཞུགས་པར་གདན་འདྲེན་ཞུས་ཡོད། འདིས་ཚོ་ཆུང་སོ་སོའི་བར་གྱི་བརྩེ་་བ་དང་མཐུན་སྒྲིལ།མཛའ་བརྩེ་བཅས་མཚོན་ཡོད་པ་རེད།
པུས་ཐུག་རྒྱག་པ།
གླང་རྒལ་འཐེན་པ།
ཐག་འཐེན།
སྤོ་ལོ་འགྲན་བསྡུར།
ཚེས་པ་བཞིའི་ཉིན་གྲོང་མི་ཡོངས་གྲོང་ཚོ་ཨུ་ལྷན་ནང་ནས་འདུས་ཏེ་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་བརྒྱུད་སྒྲོག་དང་ཕ་ཡུལ་ལ་བསྟོད་གླུ་ལེན་པ།2018ལོའི་གསར་གྱི་སྲོལ་རྒྱུན་སྐོར་བྲོ་སོགས་ཀྱི་བྱེད་སྒོར་ཞུགས་པ་རེད།སྐོར་བྲོ་ལ་འཁྲབ་སྟངས་14ལྷག་ཡོད་དེ་རང་མི་རིགས་ཀྱི་སྐོར་བྲོའི་རིག་གནས་རྒྱུ་འཛིན་དང་དར་སྤེལ་ལེགས་པོ་བྱེད་ཡོད།
མྱི་ཟུར་ལ་འགྲོ་ཞེས་པའི་མཉམ་ལེན།
སྐོར་བྲོ།
སྐོར་བྲོ།
ཚེས་པ་བཞིའི་ཉིན་ད་རུང་མྱི་ཟུར་བོད་པའི་སྲོལ་རྒྱུན་རིག་གནས་ཀྱི་སྐྱེ་ཁམས་བདག་སྐྱོང་དང་རྒྱུད་འཛིན་ལྟེ་གནས་ཀྱི་སྒོ་ཕྱེ་ནས་གྲོང་མི་ཡོངས་ལ་ལྟ་སྐོར་བྱེད་དུ་བཅུག་ཅིང་ཁ་ཚོས་ཤུལ་བཞག་རིག་རྫས་ལ་སྔར་ལས་རྒྱུས་ལོན་ཟབ་མོ་བྱས་ཡོད།
ཚེས་པ་ལྔའི་ཉིན་ཕ་ལག་གྲོང་མིའི་རྩ་འཛུགས་ཚ་ཆུང་གིས་སྤང་ཤར་ཐང་ནས་རྟ་རྒྱུག་བྱེད་སྒོ་བསྡུས་ལ།བྱེད་སྒོ་ལ་མི་རིགས་རྟ་ཕོ་གོམ་ཅན་སྨི་1000ཅན་དང་སྦྱོང་བརྡར་ཐོབ་ཡོད་པའི་རྟ་ཕོ་གོམ་ཅན་སྨི་1000ཅན། མི་རིགས་རྟ་ཕོ་གོམ་ཅན་སྨི་2000ཅན། སྦྱོང་བརྡར་ཐོབ་ཡོད་པའི་རྟ་ཕོ་གོམ་ཅན་སྨི་2000ཅན། སྦྱོང་བརྡར་ཐོབ་ཡོད་པའི་རྟ་ཕོ་གོམ་ཅན་སྨི་3000ཅན། མྱུར་ཚད་འགྲན་བསྡུར་སྨི་2000ཅན་བཅས་འགྲན་བསྡུར་རིགས་5ཡོད་དེ། གཏིང་ཟབ་སྒོས་མཛའ་བརྩེ་ཨང་དང་པོ་དང་འགྲན་བསྡུར་ཨང་གཉིས་པ་ཡིན་པའི་སྤྱོད་བཟང་མཚོན་ཡོད་པ་ཟད།རྟ་རྒྱུག་གི་སྲོལ་རྒྱུན་བཟང་བོ་རྒྱུད་འཛིན་དང་དར་སྤེལ་བྱས་ཡོད། གོང་གི་བྱེད་སྒོར་ལོ་ན66སོན་ཡོད་པའི་ལོ་ལོན་ཞུགས་ཡོད་ལ་ལོ14ཅན་གྱི་བྱིས་པ་ཡང་ཡོད་དེ།འདིས་མྱི་ཟུར་ལུང་བའི་བོད་པའི་ཐུན་མོང་མ་ཡིན་པའི་རྟ་རྒྱུག་རིག་གནས་ཀྱི་དུང་བ་མཚོན་ཡོད།
རྟ་རྒྱུག་འགྲན་བསྡུར་གྱི་ཡུལ་དངོས།
ལྟད་མོ་བས་རྟ་རྒྱུག་ལ་ལྟ་བཞིན་པ།
ལྟད་མོ་བས་རྟ་རྒྱུག་ལ་ལྟ་བཞིན་པ།
རྟ་རྒྱུག་འགྲན་བསྡུར་གྱི་ཡུལ་དངོས།