རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།བདེ་ཆེན་ཁུལ་གྱིས་ཡུལ་སྐོར་ཚོང་རའི་སྒྲིག་ལམ་ལེགས་བཅོས་བྱེད་པའི་ལས་ཀའི་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། བདེ་ཆེན་ཁུལ་གྱི་ཡུལ་སྐོར་ཚོང་རར་ཡོད་པའི་ཚད་ལྡན་མིན་པའི་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་། གོམ་པ་རྗེས་མའི་ཡུལ་སྐོར་ཚོང་ར་ལེགས་བཅོས་བྱེད་པའི་ལས་ཀ་ལ་བཀོད་སྒྲིག་བྱས།
གོམ་པ་རྗེས་མར།ཁུལ་ཡུལ་སྐོར་འཕེལ་སྒྱུར་ཨུ་ལྷན་གྱིས་སྣེ་ལེན་བྱེད་དེ། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་ཁུལ་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་མཐའ་འཁོར་གྱི་རང་བྱུང་ཁོར་ཡུག་དང་གཉེར་སྐྱོང་བྱེད་ས། ཡུལ་སྐོར་ཚོང་ཟོག་ཉོ་ས་སོགས་ལ་ཞིབ་བཤེར་དང་ལེགས་བཅོས་བྱེད་རྒྱུ་ཡིན་པ་དང་། ཁྲིམས་འགལ་གྱིས་གཉེར་སྐྱོང་དང་ཡུལ་སྐོར་བ་ལ་མགོ་སྐོར་གཏོང་བ། བཙན་ཤེད་ངང་འཛད་སྤྱོད་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་གཅོད་ནན་པོ་བྱེད་རྒྱུ་ཡིན།
ཡུལ་སྐོར་བའི་ཡིད་ཚིམ་ཚད་དང་ཁུལ་ཡོངས་ཀྱི་ཡུལ་སྐོར་གཟུགས་བརྙན་མཐོ་རུ་གཏོང་ཆེད།བདེ་ཆེན་ཁུལ་གྱིས་ལེགས་བཅོས་བྱེད་ཐབས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཚོང་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ལ་སྲུང་སྐྱོང་བྱེད་རྒྱུ་རེད།