ཤིང་འབྲས་སྣ་ཚོགས་འཁྲུ་སྟངས་མཁྱེན་འདོད་ན་འདི་ལ་གཟིགས་དང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-06   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

ཁམ་བུ།

དང་ཐོག་ཁམ་བུ་རློན་པ་བཟོས་པ་དང་ཆབས་ཅིག ལྤགས་པར་ཚྭ་བྱུགས་ཏེ་འཕུར་འཕུར་ག་ལེར་གཏོང་དགོས་པ་དང་།  ཆུ་ལ་ཏོག་ཙམ་སྦངས་རྗེས་གཙང་མ་བཀྲུས་ན་ཁམ་བུའི་ལྤགས་པའི་སྤུ་ཚང་མ་འབུད་ཀྱི་ཡོད།

རྒུན་འབྲུམ།

རྒུན་འབྲུམ་རྣམས་ཆུའི་ནང་བླུགས་རྗེས་བག་ཕྱེའམ་ཡང་ན་ཕིང་རྩམ་ཐུར་མ་གཉིས་ཙམ་བླུགས་ནས། ཆུའི་ནང་ཨ་ལོག་ཕྲན་བུ་རྒྱག་པ་ལས་ཤུགས་ཆེན་པོས་བཀྲུ་མི་རུང་། རྒྱུ་མཚན་ནི་བག་ཕྱེ་དང་ཕིང་རྩམ་ལ་སྦྱར་གཤིས་ལྡན་པས་རྒུན་འབྲུམ་ངོས་ཀྱི་བཙོག་པ་རྣམས་ཆུ་དང་མཉམ་དུ་འཁྱེར་བས་སོ།

ཀུ་ཤུ།

ཀུ་ཤུ་ཆུ་ལ་སྦངས་ནས་འཁྲུ་དགོས་པ་དང་། ཀུ་ཤུའི་ལྤགས་པར་ཚྭ་ཏོག་ཙམ་བྱུགས་རྗེས། ལག་གཉིས་ཀྱིས་འཕུར་འཕུར་ག་ལེར་བཏང་ན་ཀུ་ཤུའི་ངོས་ཀྱི་བཙོག་པ་ཚང་མ་མགྱོགས་མྱུར་དག་འགྲོ་བས་ཆུས་གཙང་མ་བཀྲུས་ན་བཟའ་ཆོག་གི་ཡོད།

སྐྱུར་འདྲ།

སྐྱུར་འདྲ་གཙང་མ་བཀྲུས་ནས། ཚྭ་ཆུར་སྐར་མ་20ནས་30བར་སྦངས་རྗེས་བཟའ་ཆོག གང་ལགས་ཤེ་ན། ཚྭ་ཆུས་ནད་འབུ་ཕྲ་མོ་གསོད་ཐུབ་པ་མ་ཟད། སྐྱུར་འདྲར་འཚོ་བའི་གཞན་རྟེན་སྲིན་འབུ་ཕྱིར་འབུད་ཐུབ་ཀྱི་ཡོད།

འབྲི་ཏ་ས་འཛིན།

1 དང་ཐོག་ཆུ་ཀ་ལའི་འོག་སྐར་མ་ཁ་ཤས་བཀྲུས་ནས་འབྲི་ཏ་ས་འཛིན་ངོས་ཀྱི་ནད་འབུ་ཕྲ་མོ་དང་། ཞིང་སྨན། དེ་མིན་གྱི་བཙོག་པ་མང་ཆེ་བ་འབུད་དགོས། དེའི་རིང་དོ་སྣང་བྱེད་དགོས་པ་ཞིག་ལ། ཞིང་སྨན་ཆུར་སིམས་ནས་འབྲི་ཏ་ས་འཛིན་ལ་འཐིམ་ཉེན་ཆེ་བས་དང་ཐོག་ཆུར་སྦོང་མི་རུང་།

2 འབྲས་བཀྲུས་པའི་ཆུ(འབྲས་འཁྲུ་ཐེངས་དང་པོའི་ཆུ་དེ་བས་འཚམ་པ)དང་དེ་བཞིན་ཚྭ་ཆུ(ཆུ་གདོང་བན་གང་ལ་ཚྭ་ཐུར་མ་ཕྱེད་ཀ)ལ་སྐར་མ་3སྦོང་དགོས། ཆུ་གཉིས་ཀྱི་ནུས་པ་མི་འདྲ་སྟེ། བ་ཚྭ་ཅན་གྱི་ཆུས་ཞིང་སྨན་དག་པ་དང་། ཚྭ་ཆུས་འབྲི་ཏ་ས་འཛིན་གྱི་ངོས་ལ་སྦྱར་བའི་འབུ་སྲིན་དང་འབུ་སྒོང་མཉམ་དུ་འཁྱེར་ཐུབ་པ་མ་ཟད།  དུག་སེལ་གྱི་ནུས་པའང་ངེས་ཅན་ལྡན་ཡོད།

3 ཆུ་ཀ་ལར་འབྲས་འཁྲུད་པའི་ཆུ་དང་། ཚྭ་ཆུ། དེ་བཞིན་གནོད་འབུ་ལྷག་རོ་རྣམས་འཁྲུ་དགོས།

4 ཆུ་གཙང་མས(ཆུ་དྲོད་མོ)ཐེངས་གཅིག་བཀྲུས་རྗེས་བཟའ་ཆོག་གི་ཡོད།