རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ལོ་གསར་གྱི་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲུ་ཆུའི་འབབ་རྒྱུན་དུ་མེ་ཏོག་སྣ་ཚོགས་བཞད་དེ་དཔྱིད་ཀྱི་རྣམ་པ་ཞིག་གིས་ཡོངས་སུ་ཁེངས་ཡོད།ས་འདི་ན་ཁམ་བའི་མེ་ཏོག་དང་ལྕང་སིལ་མེ་ཏོག པད་ཁའི་མེ་ཏོག དེ་མིན་ད་རུང་མིང་མི་ཐོགས་པའི་མེ་ཏོག་སྣ་ཚོགས་བཞད་ཡོད་དེ། རང་ཉིད་མེ་ཏོག་གི་དྲི་ཞིམ་རི་ལུང་ཀུན་ལ་ཁྱབ་ཡོད་པའི་ཡུལ་འདི་སླེབས་མ་ཐག་དུས་རྒྱུན་ཙག་ཙིག་གི་ལས་ཀའི་ཁྲོད་ཀྱི་ངལ་དུབ་དང་སུན་སྣང་། མནོན་ཤུགས་ཡོད་ཚད་སྐད་ཅིག་ཙམ་ལ་ཡལ་ཏེ། ང་ཚོར་དེ་མིན་གྱི་གསོན་ཤུགས་རྒྱས་པའི་ཚོར་བ་ཞིག་བསྐྱེད་པ་རེད། ངས་འདི་འདྲ་ལབ་ན་ཁྱོད་ཀྱིས་ཡིད་ཆེས་སམ། གལ་ཏེ་ཡིད་མི་ཆེས་ན་ཁྱོད་ཀྱིས་དུས་ཚོད་ཅིག་བཀོད་སྒྲིག་བྱས་ནས་འདིར་འོང་ཆོག