ཀུའུ་ཁུན་གྱིས་དབུལ་ཐར་དང་བརྟན་སྲུང་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ3པའི་ཚེས་3ཉིན་ནས་ཚེས5ཉིན།ཁུལ་ཨུའི་ཚོ་ཆུང་ལྔ་བགོས་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དབུལ་སྐྱོར་འགག་སྒྲོལ་དང་བརྟན་འཇགས་སྲུང་སྐྱོབ་ཀྱི་ལས་ཀར་སྐབས་བསྟུན་བརྟག་དཔྱད་ཞིབ་བཤེར་བྱས་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི་ཀུའུ་ཁུན་གྱིས་ཚོ་ཆུང་དང་པོ་འགོ་ཁྲིད་ནས་ལུའོ་ཅི་ཤང་མྱི་ཟུར་གྲོང་སྡེ་དང་ལུའོ་ཅི་གྲོང་སྡེར་བརྟག་དཔྱད་ཞིབ་འཇུག་བྱས་པ་མ་ཟད།ལས་བྱེད་རུ་ཁག་གི་གྲོང་སྡོད་གནས་ཚུལ་ལ་རྒྱུས་ལོན་བྱས་པ་རེད།

 


        ཀུའུ་ཁུན་གྱིས་མྱི་ཟུར་གྲོང་སྡེའི་གྲོང་མི་ཚེ་རིང་སྒྲོལ་མའི་ཁྱིམ་དུ་དབུལ་སྐྱོར་གནས་ཚུལ་ལ་བརྟག་དཔྱད་གནང་བཞིན་པ།


ཀུའུ་ཁུན་གྱིས་ལུའོ་ཅི་གྲོང་སྡེར་ལྗང་མདོག་སྐྱེ་ཁམས་འདེབས་གསོ་མཉམ་ལས་ཁང་དུ་བརྟག་དཔྱད་གནང་བཞིན་པ


        ཟླ་3པའི་ཚེས་6ནས་ཆེས་8བར་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་རུ་ཁག་ལྔ་རྩ་འཛུགས་བྱས་ནས་འཇོལ་རྫོང་གི་དབུལ་སྐྱོར་འགག་སྒྲོལ་དང་བརྟན་འཇགས་སྲུང་སྐྱོབ་བཅོས་སྒྲིག་གི་ལས་ཀར་སྐབས་བསྟུན་བརྟག་དཔྱད་ཞིབ་བཤེར་བྱེད་དུ་མངགས་པ་མ་ཟད། འཇོལ་རྫོང་ནས་བརྟག་དཔྱད་ཞིབ་བཤེར་བྱེད་པའི་ལྡོག་འདྲེན་གྲོས་ཚོགས་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཀྲུའུ་རེན་ཀུའུ་ཁུན་གྱིས་འགོ་ཁྲིད་ནས་རྟག་དཔྱད་ཞིབ་བཤེར་བྱེད་པའི་སྐབས་སུ་སྔར་ལས་ལྷག་པར་རྨང་གཞི་སྲ་བརྟན་དང་འགོག་རགས་སྲ་འཛུགས་ཀྱིས་ས་ཁུལ་གསུམ་དང་ཁུལ་གསུམ་གྱི་དབུལ་སྐྱོར་འགག་སྒྲོལ་གཏིང་ཟབ་ཀྱི་ལས་ཀའི་ཕྱོགས་ལ་བློ་སེམས་གཅིག་བསྡུས་བྱེད་ནས། བདེ་ཆེན་འདི་ཉིད་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་བསྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་དཔེ་སྟོན་ས་ཁུལ་ཡིན་པའི་ལས་ཀར་ཧུར་བརྩོན་གྱིས་བྱས་རྗེས་འཇོག་དགོས་པ་ནན་གྱིས་བསྟན། 

        ཐེངས་འདིར་ཀུའུ་ཁུན་གཡག་རྭ་ཤང་དབུལ་སྐྱོར་གནད་ཁེལ་ཁྱིམ་ཚང་དང་གྲོང་སྡོད་ལས་བྱེད་རུ་ཁག དགོན་སྡོད་ལས་བྱེད་རུ་ཁག དབུལ་སྐྱོར་ལས་བྱེད་རུ་ཁག སྡེ་ཨུ་གསུམ། ཤང་ཏང་ཨུ་སྲིད་གཞུང་། ཁུལ་ཁ་གཏད་དབུལ་སྐྱོར་གྱི་ལས་བྱེད་པ་དང་མཉམ་དུ་ཐོན་ལས་འཕེལ་རྒྱས་དང་གཅིག་བསྡུས་དཔལ་འབྱོར་འཕེལ་རྒྱས། ཡུལ་གཞན་གནས་སྤོ། ཕྱོགས་བསྡུས་བདེ་སྲུང་སོགས་ཀྱི་བྱ་བར་དབྱེ་ཞིབ་དང་ཇུས་གཞི་འཐེན་པ་རེད། 

   


     འབུམ་སྟེང་གྲོང་ཚོ་ནས་ཀུའུ་ཁུན་དང་མཉམ་དུ་ཡོང་བའི་བརྟག་དཔྱད་རུ་ཁག་གིས་ཁུལ་དང་རྫོང་སྤྱི་བདེ་ཅུས་ཀྱིས་རོགས་སྐྱོར་འོག་སྡེ་བ་འདིའི་ཀུ་ཀུ་ཤ་མོའི་འདེབས་འཛུགས་རྟེན་གཞི་རུ་མིས་ཐབས་ལ་བརྟེན་ནས་བཏབས་ཡོད་པའི་ཀུ་ཀུ་ཤ་མོའི་མྱུ་གུ་འབུས་ཡོད་པ་མཐོང་ལ། འདེབས་ཐེངས་དང་བོ་ཟླ་འདིའི་ནང་ཚོང་རར་བཀྲམ་ཐུབ་པའི་རེ་བ་ཡོད་པ་རེད། སྡེ་བའི་ནང་གི་དབུལ་སྐྱོར་གནད་ཁེལ་ཁྱིམ་ཚང་གི་ཁྱིམ་མི་ཞིག་གིས་དགའ་སྤྲོའི་འཛུམ་གྱིས་ཁེངས་ནས་ཀུའུ་ཁུན་ལ་ན་ནིང་ངེད་ཚང་གིས་རྒྱ་སྣེ་འདེབས་འཛུགས་བྱས་ནས་ལོ་ལེགས་བྱུང་ལ། ས་མུའུ་གཅིག་རེའི་ནང་ནས་ཡོངས་འབབ་སྒོར་3000བླངས་པ་ཡིན་ཞེས་བཤད། ཀུའུ་ཁུན་གྱིས་གྲོང་སྡོད་ལས་བྱེད་རུ་ཁག་གིས་སྔར་ལས་ལྷག་པར་ཐོན་ལས་རོགས་སྐྱོར་ལ་ཤུགས་སྣོན་བྱས་སྟེ། རྩ་འཛུགས་ཅན་དང་གཞི་ཁྱོན་ཅན་གྱི་ཚད་རིམ་ཇེ་མཐོ་དང་། སྔར་ལས་ལྷག་པར་གྲོང་ཚོ་ཡོངས་ཀྱི་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་ལས་ཡོང་འབབ་ཇེ་མཐོ་དང་དབུལ་བོའི་ཞྭ་མོ་ཕུད་པ་ཐུབ་པ་བྱེད་དགོས་ལ། གཡག་རྭ་ཤང་གིས་དབུལ་སྐྱོར་ལས་དོན་དལ་འགོར་མི་བྱེད་པར་རྫོང་ཡོངས་དང་མཉམ་དུ་དབུལ་བོའི་ཞྭ་མོ་ཕུད་པ་བྱེད་ནས་ཁུལ་ཡོངས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་འགན་ལེན་བྱེད་དགོས། 


        ཀུའུ་ཁུན་གྱིས་ད་རུང་འབུམ་སྟེང་དགོན་པའི་བླ་མ་རི་ཧུག་བློ་བཟང་བསྟན་འཛིན་ཐུབ་བསྟན་རྒྱལ་མཚན་མཆོག་ལ་འཚམས་འདྲི་གནང་བ་མ་ཟད། དགོན་པའི་གྲྭ་བ་རྣམས་དང་མཉམ་དུ་ཁ་བརྡ་དང་བགྲོ་གླེང་བྱས་ཤིང་། ཁོ་ཚོར་རྒྱལ་གཅེས་དང་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུད་འཛིན་གྱིས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་སྐུལ་མ་བཏང་བ་རེད། 


         

        ཚེས་8ཉིན་འཇོལ་རྫོང་གི་སྲིད་འཛིན་ལྟེ་གནས་ནས་ལྡོག་འདྲེན་གྲོས་ཚོགས་བསྡུས་ཤིང་། གྲོས་ཚོགས་ཐོག་ཀུའུ་ཁུན་གྱིས་རྫོང་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ལས་ཀའི་མགོ་མཇུག་བར་གསུམ་ལ་བརྟན་འཇགས་ནི་འགན་འཁྲི་དང་པོ་དང་ཆབ་སྲིད་དང་པོ་ཡིན་པའི་འདུ་ཤེས་འཛུགས་དགོས་ལ། ཏན་ཏིག་དང་ཕན་འབྲས་ལྡན་པའི་སྒོ་ནས་དབུལ་སྐྱོར་འགག་སྒྲོལ་དང་ས་ཁུལ་བརྟན་འཇགས་གྱི་ལས་ཀ་བསྒྲུབ་ནས། ཡུན་རིང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བའི་སྣང་ཚུལ་བཟང་པོ་རྒྱུན་འཁྱོངས་བྱེད་དགོས་པ་བསྟན། 

        འཇོལ་རྫོང་གི་བརྟན་འཇགས་སྲུང་སྐྱོབ་ཀྱི་ལས་ཀར་ཀུའུ་ཁུན་གྱིས་སྔར་ལས་ལྷག་པར་སྤྱི་ཚོགས་བརྟན་འཇགས་ཀྱི་ལས་ཀའི་རྨང་གཞི་སྲ་བརྟན་དང་སྤྱི་ཚོགས་བརྟན་འཇགས་ཀྱི་ལས་ཀའི་སྣེ་སྟོན་འགན་འཁྲིའི་སྒྲིག་གཞི་འཛུགས་དགོས་ལ། དྲ་བ་ཅན་གྱི་དོ་དམ་ལ་ཤུགས་སྣོན་བྱེད་དགོས་པ་བསྟན། 

       དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀར་ཀུའུ་ཁུན་གྱིས་སྒྲིག་འཛུགས་ཞིབ་ཚགས་ཀྱིས་དབུལ་སྐྱོར་འགག་སྒྲོལ་གྱི་ལས་གཞི་ཆེན་པོ་དགུ་བོ་ལག་བསྟར་བྱེད་ནས། དབུལ་སྐྱོར་གནད་ཁེལ་ཁྱིམ་ཚང་གཙོ་བྱས་པའི་ཐོན་ལས་དབུར་སྐྱོར་དང་བདེ་ཐང་དབུལ་སྐྱོར། སློབ་གསོ་དབུལ་སྐྱོར་སོགས་ཀྱི་ལས་ཀ་སྐུལ་སྤེལ་བྱེད་དགོས། དེ་མིན་ཡུལ་གཞན་གནས་སྤོའི་ལས་ཀ་དམ་འཛིན་བྱེད་དེ། ཕན་འབྲས་ལྡན་པའི་སྒོ་ནས་ཡུལ་མིའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་དགོས་ཞིང། གནས་མི་དམངས་ཀྱི་ཡིད་ཚིམས་ཚད་ཇེ་མཐོར་བཏང་ཏེ། འཇོལ་རྫོང་གི་དབུལ་སྐྱོར་འགག་སྒྲོལ་གྱི་ལས་གཞི་སོ་སོའི་དམིགས་ཡུལ་དུས་ལྟར་ལེགས་འགྲུབ་བྱུང་བར་འགན་ལེན་བྱེད་དགོས་པ་བསྟན། 

       གཞན་ཚེས་9ཉིན་ཀུའུ་ཁུན་གྱིས་འཇོལ་རྫོང་ནས་ཁུལ་ཡོངས་ཀྱི་དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀའི་སྐུལ་སྤེལ་གྲོས་ཚོགས་བསྡུས་ཤིང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་དབུལ་སྐྱོར་བྱ་བའི་སྙན་ཞུར་ཉན་ལ། བྱེ་བྲག་གིས་བཀོད་སྒྲིག་སྒྲིག་བཀོད་བྱས་ནས་དབུལ་སྐྱོར་ལས་གཞིར་སྐུལ་བྱས་པ་རེད།