རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-14   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།
01.ད་བྱས་ན་ང་ཚོ་མཉམ་དུ་ཉེ་ཆར་གྱི་གསར་འགྱུར་ཞིག་ལ་ལྟོས་དང་།
ལོ་20ལ་སླེབས་པའི་ཀུའེ་ཀྲའོ་ཡི་བུ་མོ་དབྱང་ཤའུ་དབྱིང་གིས་དུས་རྒྱུན་དུ་མཚན་གང་ལག་ཐོགས་ཁ་པར་རྩེད་ཀྱི་ཡོད་པས། ཉེ་ཆར་ཁོ་མོའི་མིག་ལ་ན་ཚ་བཏང་ནས་གདང་མི་ཐུབ་ལ་མིག་ཤེད་ཉམས་པས་སྨན་ཁང་ནས་མིག་སྤྲིན་རྨ་ལྷོག་དང་ཁུང་བུ་རྡོལ་བའི་ནད་ཕོག་སྟབས། ངེས་པར་དུ་མིག་སྤྲིན་བརྗེ་བའི་གཤགས་བཅོས་བྱེད་དགོས་ཞེས་བཤད། སྟབས་ལེགས་པ་ཞིག་ལ་སྨན་ཁང་གིས་སྤྱི་ཕན་རྩ་འཛུགས་ཤིག་བརྒྱུད་ནས་ཁོ་མོར་འཚམ་པའི་མིག་སྤྲིན་འཚོལ་རོགས་བྱས་པས་ཁོ་མོར་བསྐྱར་དུ་འོད་སྣང་མཐོང་བའི་བསྐལ་བ་བཟང་པོ་ཐོབ་འདུག
02.དགོང་མོ་ལག་ཐོགས་ཁ་པར་རྩེད་པ་དང་ལྟད་མོ་ལྟ་སྐབས་གློག་སྤོར་དགོས་དོན་ཅི་ཡིན་ཞེ་ན།
གློག་བསད་ནས་ལྟད་མོ་ལྟ་བ་དང་གློག་རྡུལ་ཐོན་རྫས་རྩེད་སྐབས་གློག་རྡུལ་པར་རིས་དང་བཪྙན་ཤེལ་གྱི་འོད་ཆེ་ཆུང་བརྗེ་རེས་ལས་མིག་ལ་གནོད་ཧ་ཅང་ཆེན་པོ་ཡོད། དུས་ཡུན་རིང་སྤྱད་ཚེ་མིག་ཤེད་ལ་ཤུགས་རྐྱེན་བཟོས་ནས་སྔོ་གྲིབ་ཕོག་སྲིད།
ཡང་མི་ཁག་གཅིག་གིས་ད་འོ་ན་གློག་མ་སྤར་བར་ལག་ཐོགས་ཁ་པར་གྱི་འོད་ཆུང་དུ་བཏང་ན་འགྲིག་གམ་ཞེས་འདྲི་ཡི་ཡོད།
དེ་ཡང་མི་འགྲིག་སྟེ། འོད་མདངས་ཆུང་དུ་ཕྱིན་ཡང་ནག་ཁུང་དུ་བརྙན་ཤེལ་ལྟ་སྐབས་མིག་ལ་དཀའ་ལས་ཆེན་པོ་བཟོ་ཡི་ཡོད།
03.ལག་ཐོགས་ཁ་པར་ཇི་ལྟར་རྩེ་དགོས་སམ་ཞེ་ན།
1.མཚན་མོ་གློག་བརྙན་ལྟ་བའམ་ལག་ཐོགས་པར་སོགས་ཀྱི་གློག་རྡུལ་ཐོན་རྫས་སྤྱོད་སྐབས་འོད་མདངས་འཚམ་པའི་གློག་ཅིག་སྤོར་དགོས།
2.གློག་བརྙན་ལྟ་བའམ་ཡང་ན་གློག་རྡུལ་ཐོན་རྫས་ཆུ་ཚོད་གཅིག་ནས་གཉིས་བར་སྤྱད་ན་འཚམ་པོ་ཡོད།
3.ལག་ཐོགས་ཁ་པར་སྤྱོད་སྐབས་བརྙན་ཤེལ་དང་ཐག་རིང་ཙམ་བཞག་ན་མིག་ལ་གནོད་འཚེ་ཆེན་པོ་བཟོ་ཡི་མེད།
4.སྲུང་སྐྱོབ་ཀྱི་ནུས་པ་ལྡན་པའི་མིག་ཤེལ་བཏགས་ཚེ་དུས་ཐུང་ནང་མིག་ལ་གནོད་པ་དེ་ཙམ་བཟོ་མི་སྲིད།
5.མིག་གི་འཕྲོད་བསྟེན་ལ་དོ་སྣང་བྱེད་པ་ལས་ལག་པས་གང་བྱུང་དུ་འཕུར་འཕུར་གཏོང་མི་རུང་།
6.མིག་བདེ་པོ་མེད་དུས་འཛུམ་ཙམ་བྱེད་པའམ་ཡང་ན་ཧབ་ཆི་བརྒྱབ་ནས་མིག་ཆུ་འཁོར་བ་བྱེད་དགོས།
7.འཚོ་བཅུད་Aལྡན་པའི་ཟ་མ་མང་ཙམ་ཟ་དགོས།
8.ཕྱིར་བསྐྱོད་ནས་ལུས་སྦྱོང་མང་ཙམ་བྱེད་དགོས།
0