བདེ་ཆེན་ལི་སུའུ་རིགས་ཀྱི་གོས་རྒྱན་ཧྲང་ཧེ་རུ་འགྲེམ་སྟོན་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ3པའི་ཚེས་11ཉིན།  ཧྲང་ཧེ་འཁལ་འཐག་དངོས་མང་བཤམས་སྟོན་ཁང་དང་ཡུན་ནན་ཞིང་ཆེན་བདེ་ཆེན་དངོས་མང་བཤམས་སྟོན་ཁང་།   འབའ་ལུང་རྫོང་རིག་གནས་ཤུལ་བཞག་སྲུང་སྐྱོང་ཁང་།  ཁྲུའུ་ཞུང་ཁུལ་དངོས་མང་བཤམས་སྟོན་ཁང་སོགས་ཀྱིས་མཉམ་སྒྲུབ་བྱེད་པའི་ཀྲུང་གོའི་ལི་སུའུ་རིགས་གོས་རྒྱན་རིག་གནས་འགྲེམ་སྟོན་དེ་ཧྲང་ཧེ་འཁལ་འཐག་དངོས་མང་བཤམས་སྟོན་ཁང་དུ་སྤེལ།   འགྲེམ་སྟོན་གྱི་དུས་རིམ་ནི་ཟླ3པའི་ཚེས་11ཉིན་ནས་ཟླ5པའི་ཚེས་10ཉིན་གྱི་བར་ཡིན། 



འབའ་ལུང་གི་ལི་སུའུ་རིགས་ཀྱི་གོས་རྒྱན།

        སྐབས་འདིའི་འགྲེམ་སྟོན་དུ་འགྲེམ་སྟོན་ཁང་ལྔ་བགར་ནས་ཡུན་ནན་གྱི་ས་ཁུལ་ལྔའི་ལི་སུའུ་རིགས་ཀྱི་གོས་150ལྷག་དང་རྒྱན་ཆ་ཁག་གཅིག   དེ་མིན་ལི་སུའུ་རིགས་ཀྱི་རིག་གནས་དངོས་རྫས་ཁག་གཅིག་འགྲེམ་སྟོན་བྱེད་ཡོད།




ཁྲུའུ་ཞུང་གི་ལི་སུའུ་རིགས་ཀྱི་གོས་རྒྱན།

        ཤེས་རྟོགས་བྱུང་དོན།  ལི་སུའུ་རིགས་ནི་རང་རྒྱལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་གྲངས་ཉུང་མི་རིགས་ཞིག་ཡིན་ལ།  རིག་གཞུང་ལས་རིགས་ཀྱིས་ས་ཁོངས་དང་སྐད་ཆ།  གོས་རྒྱན་སོགས་ལ་གཞི་ནས་ལི་སུའུ་རིགས་ལ་བྱང་དང་ལྷོ་བཅས་ཚོགས་ཁག་གཉིས་སུ་བགོར་བ་རེད།   ལི་སུའུ་རིགས་བུད་མེད་ཀྱི་གོས་རྒྱན་གྱི་ཚོས་མདོག་ཁྱད་པར་ཆེ་བས་ལི་སུའུ་ཁྲ་ཁྲ་དང་ལི་སུའུ་དཀར་པོ།  ལི་སུའུ་ནག་པོ་བཅས་ཀྱི་མིང་བཏགས་སྲོལ་ཡོད་དེ།  བྱང་གི་ཚོགས་ཁག་ནི་ལི་སུའུ་དཀར་པོ་དང་ལི་སུའུ་ནག་པོ་གཉིས་གཙོ་ཆེ་ལ།  གཙོ་བོ་ནི་ཡུན་ནན་གྱི་ནུའུ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་དང་ས་དམ།  བདེ་ཆེན་སོགས་ས་གནས་སུ་འདུས་གནས་བྱེད་ཡོད་པ་དང་གོས་རྒྱན་ལ་ཁྱད་པར་ཆེན་པོ་མེད


ནུའུ་ཅང་གི་ལི་སུའུ་རིགས་ཀྱི་གོས་རྒྱན།


ཏེ་ཧུང་གི་ལི་སུའུ་རིགས་ཀྱི་གོས་རྒྱན།