མདོ་སྨད་ཁྲི་ཀའི་ལ་ཟེ་བ་གྲོང་རྡལ་གྱིས་ཞིང་རྨོད་དུས་སྟོན་གྱི་ཆོ་ག་སྤེལ་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-15   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།


ཁྲི་ཀའི་ལ་ཟེ་བ་གྲོང་རྡལ་གྱིས་ཞིང་རྨོད་དུས་སྟོན་གྱི་ཆོ་ག་སྤེལ།

ཁྲི་ཀའི་ལ་ཟེ་བ་གྲོང་རྡལ་གྱིས་ཞིང་རྨོད་དུས་སྟོན་གྱི་ཆོ་ག་སྤེལ།

ཁྲི་ཀའི་ལ་ཟེ་བ་གྲོང་རྡལ་གྱིས་ཞིང་རྨོད་དུས་སྟོན་གྱི་ཆོ་ག་སྤེལ།

              ལོ་རེའི་ཞིང་རྨོད་དུས་སྟོན་ནི་མདོ་སྨད་ཁྲི་ཀའི་ལ་ཟེ་བ་གྲོང་རྡལ་གྱི་ལྷ་ཁང་ཐང་དང་། མཛོ་སྣ། ཆུ་ནག་སོགས་རུ་སྡེ་ཁག་གི་སྲོལ་རྒྱུན་གྱི་དམངས་སྲོལ་བྱ་འགུལ་ཞིག་ཡིན་ལ།  དུས་སྟོན་འདིས་བོད་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་སོ་ནམ་རིག་གནས་རྒྱུན་འཛིན་དང་། བོད་ཀྱི་མེས་པོ་དག་གི་མཛད་རྗེས་ར་སྤྲོད་གནང་ཡོད།

ཁྲི་ཀའི་ལ་ཟེ་བ་གྲོང་རྡལ་གྱིས་ཞིང་རྨོད་དུས་སྟོན་གྱི་ཆོ་ག་སྤེལ་བ།

ཁྲི་ཀའི་ལ་ཟེ་བ་གྲོང་རྡལ་གྱིས་ཞིང་རྨོད་དུས་སྟོན་གྱི་ཆོ་ག་སྤེལ་བ།

ཁྲི་ཀའི་ལ་ཟེ་བ་གྲོང་རྡལ་གྱིས་ཞིང་རྨོད་དུས་སྟོན་གྱི་ཆོ་ག་སྤེལ་བ།

        ལོ་ངོ1000ལྷག་གི་ལོ་རྒྱུས་ལྡན་པའི་ལྷ་ཁང་ཐང་སྡེ་བར་ཆར་ཆུ་དཀོན་པས། སྡེ་མི་རྣམས་ཀྱིས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ལེགས་འབྱུང་བར་སྨོན་ལམ་འདེབས་པ་དང་། ལོ་རེའི་ལུགས་རྙིང་གི་ཟླ1པོའི་ཚེས26ཉིན་ཞིང་རྨོད་ཆོ་ག་སྤེལ་བ་ཡིན།

གྲལ་དུ་སྟར་བའི་གོ་རེ་སྣ་ཚོགས།

དབྱིབས་དང་ཁ་དོག་མཛེས་པའི་གོ་རེ་སྣ་ཚོགས།

དབྱིབས་དང་ཁ་དོག་མཛེས་པའི་གོ་རེ།

        ཞིང་རྨོད་ཆོ་ག་མཇུག་སྒྲིལ་རྗེས། གནས་དེར་གོ་རེའི་འགྲན་བསྡུར་བྱ་འགུལ་སྤེལ་བ་ཡིན་ལ། ཞིང་ནང་དུ་ཁྱིམ་ཚང་སོ་སོའི་བུད་མེད་རྣམས་ཀྱིས་སེམས་ཞིབ་མོས་ལས་པའི་དབྱིབས་སྣ་དང་ཁ་དོག་སྣ་ཚོགས་ཀྱི་གོ་རེ་བསྒྲིགས་པ་དང་། དཔྱད་འདེམས་ཨུ་ཡོན་གྱིས་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པ་བཅས་བདམས། དེའི་རྗེས། སྡེ་བ་ཡོངས་ཀྱི་གཞོན་དར་རྒན་གསུམ་གྱིས་ལྷན་དུ་ཁ་ཟས་དང་ཇ་ཆང་ལ་རོལ་ཞོར་དུ་ཁ་བརྡ་བྱས་ཏེ། འཆམ་མཐུན་དང་མཐུན་སྒྲིལ་གྱི་ཞིང་སྡེའི་ཁ་དབུགས་ངོམ།

       )