རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། བདེ་ཆེན་ཁུལ་སྐབས་བཅོ་ལྔ་པའི་སེམས་ཀྱི་ཉི་ཟླ་འབའ་ལུང་ལན་ཧྭ་མེ་ཏོག་གི་དུས་ཆེན་འགོ་ཚུགས། རྒྱལ་ཡོངས་ས་ཆ་སོ་སོ་ནས་ཡོང་བའི་ལན་ཧྭ་མེ་ཏོག་ལ་དགའ་ཞེན་ཡོད་མཁན་དང་འབའ་ལུང་གི་ལན་ཧྭ་མེ་ཏོག་འདེབས་གསོ་བྱེད་མཁན་སོགས་ཀྱིས་ལན་ཧྭ་མེ་ཏོག་ཁོག་མ་ཆིག་སྟོང་ལྷག་ཁྱེར་ནས་དུས་ཆེན་གྱི་འགྲེམ་སྟོན་དུ་ཞུགས་པ་རེད།
བྱེད་སྒོའི་ཐོག་ལན་ཧྭ་མེ་ཏོག་ཁོག་མ་300བྱ་དགའ་སྤྲོད་རྒྱུའི་དཔྱད་བསྡུར་དུ་ཞུགས་པ་དང་། ཆེད་མཁས་པས་དེའི་ནང་ཁྱད་ལྡན་ཅན་གྱི་གསེར་གྱི་རྟགས་མའི་བྱ་དགའ་5་དང་། གསེར་གྱི་རྟགས་མའི་བྱ་དགའ10 དངུལ་གྱི་རྟགས་མའི་བྱ་དགའ་20 ཟངས་ཀྱི་རྟགས་མའི་བྱ་དགའ་30 དེ་མིན་འདེབས་གསོའི་བྱ་དགའ་10་བཅས་འདེམས་བསྐོ་བྱས་པ་རེད།
འབའ་ལུང་ནི་ཀྲུང་གོའི་ལོ་མ་ཕྲ་ཅན་གྱི་ལན་ཧྭ་མེ་ཏོག་གི་གདོད་སྐྱེས་ས་ཁུལ་དང་གཙོ་ཐོན་ས་ཁུལ་ཡིན་ལ། ད་ལྟར་འབའ་ལུང་རྫོང་ནང་ཁོངས་སུ་གདོད་སྐྱེས་ལན་ཧྭ་མེ་ཏོག་150་དང་། ཁྱད་ལྡན་གྱི་སྐད་གྲགས་ཅན་གྱི་ལན་ཧྭ་མེ་ཏོག་80ལྷག དེ་མིན་གསར་སྐྱེས་ལན་ཧྭ་མེ་ཏོག་200ལྷག་ཡོད་པ་རྩད་ཆོད་བྱས་ཡོད་པ་རེད།