གསར་སྤེལ་ཁུལ་དུ་བཞུར་ཆུ་གཙང་དག་བྱེད་པའི་བྱེད་སྒོ་བསྡུས་ནས་མཛེས་སྡུག་གི་ཁྱིམ་གཞི་སྐྲུན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       



        བདེ་ཆེན་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཆུས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་།དམངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མཐོར་འདེགས་གཏོང་བ།གཙང་དག་དང་སྐྱེ་ཁམས།ལྗང་མདོག་གི་འཚོ་སྡོད་ཁོར་ཡུག་བཅས་སྐྲུན་ཆེད།ཟླ3པའི་ཚེས15ཉིན་ནས་ཚེས་16ཉིན་བར།གསར་སྤེལ་ཆུས་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དང་།སྡེ་ཁུལ་བཅའ་སྡོད་སྡེ་ཚན།སྟོང་སྐུལ་ལས་བྱེད་རུ་ཁགསྡེ་ཁུལ་ཏང་ཡོན།འབྲི་ཆུའི་འགྲམ་རྒྱུད་ཀྱི་གྲོང་ཚོ་བཅས་ཀྱིས་ཆུ་གཙང་བྱེད་སྒོ་བསྡུས་ནས།ཆུ་ལམ་ཕྱོགས་བསྡུས་ལེགས་བཅོས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།

        ཆུ་གཙང་བྱེད་སྒོའི་ཁྲོད།བདེ་ཆེན་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཆུས་ཏང་ཨུ་དང་དོ་དམ་ཨུ་ལྷན་གྱི་འགན་ཁུར་མི་སྣས་སྣེ་ཁྲིད་དེ་གསར་སྤེལ་ཆུས་ཀྱི་གཞུང་ལམ་214ཡི་ལམ་བརྒྱུད་དང་།འབྲི་ཆུའི་འགྲམ་རྒྱུད།གསར་སྤེལ་ཆུས་ལུང་ཏུང་ཆུ་བོའི་ཆུ་མགོ་དང་ཆུ་བོའི་འགྲམ་རྒྱུད་སོགས་སུ་གད་སྙིགས་གཙང་སེལ་བྱས་ནས།བྱ་སྤྱོད་དངོས་ལ་བརྟེན་ནས་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀར་སྐུལ་འདེད་བྱས་པ་རེད།བྱེད་སྒོས་འབག་བཙོག་དང་ཞན་པ་ལེགས་བཅོས་བྱེད་རྒྱུ་གཙོ་བྱས་ནས།འབྲི་ཆུའི་འགྲམ་རྒྱུད་དང་།ལུང་ཏུང་ཆུ་བའི་ཆུ་ལམ།དེ་མིན་ཆུ་བོའི་འགྲམ་རྒྱུད་ཀྱི་འཚོ་བའི་གད་སྙིགས་དང་།ཆུ་ངོས་སུ་གཡེང་བའི་དངོས་པོ།བེད་མེད་དངོས་པོ་སོགས་ཆུའི་ཁོར་ཡུག་ལ་གནོད་སྐྱོན་ཡོད་པའི་གད་སྙིགས་ལ་ཕྱོགས་ཡོངས་ནས་གཙང་སེལ་ལེགས་བཅོས་བྱས་པ་རེད།