འཇོལ་རྫོང་གིས་ད་ལོར་ཕྱོགས་7ཐད་ཀྱི་གཙོ་གནད་ལས་དོན་དམ་འཛིན་བྱ་རྒྱུ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-22   རྩོམ་ཁུངས།   



        ད་ལོར།འཇོལ་རྫོང་གིས་ཕྱོགས་7ཐད་ཀྱི་གཙོ་གནད་ལས་དོན་དམ་འཛིན་བྱས་ནས་དོན་འཁྱོལ་ལེགས་པར་བྱས་ཏེ།ལོ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་འོས་འགན་ལེགས་འགྲུབ་བྱུང་བར་འགན་སྲུང་བྱས་པ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན།ད་ལོར་འཇོལ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་ནི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་ནི་10%དང་།གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་འཇོག་གྲངས་འཕར་ཚད་16%སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་འཕར་ཚད་5%གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་དང་།གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སོ་སོར་9%དང་10%འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་སྤྱི་འབོར་འཕར་ཚད་ 12%གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་4.5%ནང་ཚོད་འཛིན་བྱས་པ།ཕྱི་ཁུལ་གྱི་ནང་འདྲེན་མ་དངུལ་སྒོར་དུང་ཕྱུར་14 འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི་35སོགས་ཡིན་པ་རེད།དམིགས་ཚད་ལས་འགན་དུས་ཐོག་ཏུ་ལེགས་གྲུབ་བྱེད་ཆེད།འཇོལ་རྫོང་གིས་ཕྱོགས་7ཐད་ཀྱི་གཙོ་གནད་ལས་དོན་དམ་འཛིན་ཡག་པོ་བྱས་ནས།དམིགས་འབེན་དང་ལས་འགན་ཁག་མངོན་འགྱུར་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན་དེ།གཅིག་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ།གཉིས་ནི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱ་རྒྱུ།གསུམ་ནི་ཐོན་ལས་སྤུས་ལེགས་རིམ་སྤོར་དམ་འཛིན་ཡག་པོ་བྱ་རྒྱུ།བཞི་ནི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་དོ་དམ་དམ་འཛིན་ཡག་པོ་བྱ་རྒྱུ།ལྔ་ནི་ཚོང་འགུགས་མ་འདྲེན་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ།དྲུག་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱ་རྒྱུ།བདུན་ནི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དམ་འཛིན་ཡག་པོ་བྱ་རྒྱུ་བཅས་ཡིན།