འཇོལ་གྱི་བུད་མེད་ཀྱིས་ལག་རྩལ་སྦྱང་བའི་གོ་སྐབས་བཟང་པོ་རེག་འདུག

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ3པའི་ཚེས28ཉིན་གྱི་སྔ་དྲོར།འཇོལ་རྫོང་མི་རིགས་ལག་ཤེས་བཟོ་རྩལ་གསོ་སྦྱོང་གྲོང་གསེབ་ཏུ་སྐྱོད་པའི་2018ལོའི་ས་ཚིགས་དང་པོ་དེ་ཧྥུ་ཧྲན་ཤང་ལིའུ་ཐུང་ཅང་གྲོང་སྡེ་སུ་འཚོགས་པ་དང་།བོད་རིགས་ཞིང་པ་བུད་མེད41གིས་ཐེངས་འདིའི་གསོ་སྦྱོང་དུ་ཞུགས་ཡོད།

        གསོ་སྦྱོང་ཐོག་བོད་རིགས་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་ཇུས་བཀོད་དང་ཁེ་ལས་ཚོགས་པ་གདན་དྲངས་ཏེ་སློབ་ཁྲིད་བྱས་པ་རེད།ཉིན་བཅུའི་རིང་གི་གསོ་སྦྱོང་བྱས་པ་བརྒྱུད།སློབ་མས་རྨང་གཞིའི་ལག་ཤེས་བཟོ་རྩལ་ཁོང་དུ་ཆུད་པ་མ་ཟད།བོད་ཁྱི་རྩེད་ཆས་དང་བོད་བཟོའི་ལག་ཁུག་སོགས་ལག་བཟོའི་ཐོན་རྫས་བཟོ་སྐྲུན་བྱེད་ཐབས་ཤེས་པ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན།སློབ་མས་ལག་རྩལ་གསོ་སྦྱོང་སྦྱོང་བརྡར་བྱས་རྗེས་ཁེ་ལས་གསོ་སྦྱོང་དང་ཡུན་རིང་མཉམ་ལས་བྱས་ཆོགགསོ་སྦྱོང་ཁེ་ལས་ཀྱིས་ཚོང་ཟོག་མངག་ཐོ་བྱས་རྗེས།སློབ་མས་རང་གི་དུས་ཚོད་བཀོད་སྒྲིག་ལ་གཞིགས་ནས་ཐོན་རྫས་བཟོ་ཆོག་པ་དང་།ཁེ་ལས་ཀྱིས་སྒོ་རྩར་བསྐྱོད་ནས་ཉོ་སྒྲུབ་བྱེད།གསོ་སྦྱོང་ཁེ་ལས་ཀྱིས་ཐོན་རྫས་ཇུས་འགོད་དང་གསོ་སྦྱོང་།ཞིབ་བཤེར་རྩིས་ལེན་དང་ཕྱིར་འཚོང་བྱེད་རྒྱུ་འགན་ཁུར་བྱེད།དུས་མཚུངས་སུ།ལག་རྩལ་ཅུང་བཟང་མཁན་གྱི་སློབ་མས་དགེ་རྒན་དུ་འགྱུར་བའི་སྐལ་བ་ཡང་ལྡན་པ་རེད།


      མི་རིགས་ལག་ཤེས་བཟོ་རྩལ་གསོ་སྦྱོང་ནི་འཇོལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ངལ་རྩོལ་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད་ནས་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་བཏང་བའི་གལ་ཆེའི་བྱེད་ཐབས་ཀྱི་གྲས་ཤིག་ཡིན་པ་དང་།འཇོལ་རྫོང་གིས་ཁྱབ་ཁོངས་རྒྱ་སྐྱེད་བྱས་ནས།རིམ་བཞིན་མི་རིགས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་གསོ་སྦྱོང་འདི་ཉིད་རྫོང་ཡོངས་ཀྱི་ཤང་གྲོང་སོ་སོར་རྒྱ་ཁྱབ་དུ་གཏོང་རྒྱུ་ཡིན་ལ།ཕྱི་རུ་ལས་ཀ་ལ་འགྲོ་མི་ཐུབ་པའི་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་གསོ་སྦྱོང་དུ་ཞུགས་རྒྱུ་བསྔགས་སྐུལ་བྱས་ཏེ།གསོ་སྦྱོང་གི་གོ་རིམ་ཁྲོད་དུ་མི་རིགས་རིག་གནས་རྒྱུན་འཛིན་དང་མི་སྒེར་གྱི་སྤུས་ཚད་མཐོར་འདེགས་བྱས་ནས།ཞིང་གྲོང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་དབུལ་ཐར་གྱི་དམིགས་འབེན་མངོན་འགྱུར་བྱུང་ནས།རྫོང་ཡོངས་ཀྱི་གནད་སྨིན་དབུལ་སྐྱོར་ལས་ཀའི་ཁྲོད་དུ་ནུས་པ་མི་དམན་པ་ཐོབ་པར་ནུས་པ་བཏོན་པ་རེད།