རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-08   རྩོམ་ཁུངས།    ཉི་འོད་བོད་ལྗོངས།
ཚར་རྒྱུ་རྫོགས་རྒྱུ་མེད་པའི་ཁྱིམ་ལས་ཙག་ཙིག་གི་ཁྲོད་དུ། སྐྱེས་མ་རྣམས་ཀྱི་ལང་ཚོ་ནི་རི་མགོའི་དར་ལྕོག་བཞིན་ཟད་བཞིན་ཡོད། འོན་ཏེ།སྐྱེས་མ་ཁ་ཤས་ཤིག་ལོ་ཟླས་མནར་ཐུབ་མེད་པར་ལང་ཚོའི་གསོན་ཤུགས་ལ་ནམ་ཡང་ཡལ་བ་མེད་པར་གཟི་མདངས་རྒྱས་འདུག དེ་ལྟ་བུའི་སྐྱེས་མ་ཞིག་ཅི་ལྟར་འཁྱོངས་བ་ཤེས་འདོད་ན་གཤམ་ལ་གཟིགས།
ལུས་སྦྱོང་ལ་དགའ་བའི་སྐྱེས་མ།
ཚེ་སྲོག་གི་རྒྱུན་ནི་ལུས་སྦྱོང་ངམ་ཡང་ན་འགུལ་སྤྱོད་ལས་བསྲིངས་ཡོད་པས། ལུས་སྦྱོང་ལ་མོས་པའི་སྐྱེས་མ་རྣམས་རྒས་མི་སླ་བར་མ་ཟད། རྐེད་པར་ཐེམ་རྐས་བཞིན་ཆགས་པའི་ཤ་དང་བརླ་ཤ་རྒྱས་པར་སེམས་ཁྲལ་བྱ་མི་དགོས། ད་དུང་ལུས་སྦྱོང་ལ་དགའ་བའི་སྐྱེས་མ་རྣམས་ཀྱིས་གཏོར་བའི་རྔུལ་ཆུ་རེ་རེས་རྒས་པའི་གཉེར་མ་འགོག་ཅིང་།ལང་ཚོར་ལོ་ཟླས་གཙེས་མི་ཐུབ།
དཔེ་ཀློག་ལ་དགའ་བའི་སྐྱེས་མ།
ཡོན་ཏན་ཅན་གྱི་མི་ལ་རྟོགས་པ་མཐོ་བས། དཔེ་ཀློག་བྱས་པ་ཅི་ལྟར་མང་ན་དེ་ལྟར་རང་ཉིད་གཞན་ལས་ཁྱད་དུ་འཕགས་པ་ཡིན། དཔེ་ཀློག་ལ་གོམས་པའི་སྐྱེས་མ་དེས་ཚོང་རྟགས་གྲགས་ཅན་གྱི་ལྭ་བ་དང་རིན་གོང་མཐོ་བའི་བྱུགས་རྫས་བྱུགས་མེད་ཀྱང་། དེ་ཉིད་གང་དུ་སོང་ཡང་དེའི་རྣམ་འགྱུར་དང་ཀུན་སྤྱོད་སོགས་གཞན་ལས་ཁྱད་དུ་འཕགས་ཤིང་འགུག་ཤུགས་ཀྱི་ནུས་པ་ལྡན། དཔེ་ཀློག་ལ་དགའ་བའི་སྐྱེས་མ་རྣམས་ཀྱིས་ཕྱི་ཡི་སྐྱེ་གཟུགས་ནི་སྟོན་གྱི་མེ་ཏོག་དང་འདྲ་བར་དུས་ཀྱི་དབང་དུ་སོང་ཡང་། ནང་གི་ཡོན་ཏན་ནི་ཚེ་མ་རྫོགས་བར་དུ་རང་ཉིད་ལ་དབང་བ་རྟོགས་པས། དཔེ་ཀློག་བྱས་པ་ཇི་ལྟར་མང་ན་དེ་ལྟར་མཛེས་སྡུག་ལྡན་པར་བསམས།
སེམས་མི་རྒས་པའི་སྐྱེས་མ།
སེམས་ཁམས་ཀྱི་བདེ་ཐང་ནི་མི་ལུས་བདེ་ཐང་གི་གཞི་རྩ་ཡིན་པས། སེམས་རྒས་རྒྱུ་མེད་པའི་སྐྱེས་མ་རྣམས་ཀྱིས་རྟག་པར་མཚར་སྣང་གི་སེམས་པས་གསར་བྱུང་གི་དངོས་པོ་ཀུན་ལ་བརྟག་ཤིང་སློབ་སྦྱོང་བྱེད་བཞིན་ཡོད། སྐྱེས་མ་དེའི་རིགས་ལ་གདོང་ན་རྒས་བའི་གཉེར་མའི་རྗེས་ཤུལ་ཡོད་ཀྱང་། ཁོ་ཚོས་འཚོ་བར་བཅངས་པའི་བརྩེ་བ་དང་ཉམས་འགྱུར་ལས་སྤྱིར་བཏང་མ་ཡིན་པའི་བླ་སྲོག་ཞིག་ཆགས་ཡོད། སྐྱེས་མ་རྣམས་རྒས་པ་ནི་གཉེར་མ་རྐང་གཅིག་ཆགས་པ་དང་། སྐྲ་ལོ་རྐང་གཅིག་དཀར་པོར་གྱུར་བ་ནས་འགོ་བརྩམས་པ་ཞིག་མ་ཡིན་པར། དེ་ནི་རང་ཉིད་རང་གིས་བློས་བཏང་བའི་སྐད་ཅིག་མ་དེ་ནས་འགོ་བརྩམས་པ་ཞིག་ཡིན། དེ་བས་རང་གཅེས་ལ་བརྩོན་པའི་སྐྱེས་མ་རྣམས་ལ་རྒས་པའི་སེམས་ཁྲལ་ཅི་ཡང་མེད།