ཡུན་ནན་གྱིས་མི་སྟོང་གི་འཆར་གཞི་དང་མི་ཁྲིའི་འཆར་གཞི་ཁྱབ་བསྒྲགས་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།ཡུན་ནན་ཞིང་ཆེན་གྱིས་བརྡ་ཐོ་པར་འགྲེམས་བྱས་ནས།ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་དང་གསོ་སྦྱོང་རོགས་སྐྱོར་བྱེད་པའི་མི་སྟོང་གི་འཆར་གཞི་དང་མི་ཁྲིའི་འཆར་གཞི་བཀོག་སྒྲིག་ལག་བསྟར་བྱས།

    ཤེས་གསལ་བྱུང་དོན།མི་སྟོང་གི་འཆར་གཞི་ཞེས་པ་ནི་ཡུན་ནན་ཞིང་ཆེན་གྱིས་མཐོ་རིམ་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་འཆར་གཞི་ཡིན།གཙོ་བོ་ནི་རང་བྱུང་ཚན་རིག་དང་ལས་གྲྭའི་ལག་རྩལ།དོ་དམ་འདྲི་རྟོག་སོགས་ཀྱི་ཐད་ལ་དགོས་པའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་རྒྱུ།སྔོན་རྩིས་བྱས་པར་ལྟར་དུས་ཡུན་ལོ་5ནས་ལོ་10བར།སྣ་རིགས་སོ་སོའི་མཐོ་རིམ་ཤེས་ལྡན་མི་སྣ་སྟོང་ཙམ་ནང་འདྲེན་བྱེད་རྒྱུ།ལོ་བཞིན་གྱི་ཟླ་4པའི་ཚེས་1ཉིན་ནས་ཟླ་6པའི་ཚེས་30ཉིན་བར་གཅིག་བསྡུས་ཀྱིས་ཞུ་འབུལ་དང་ཞིབ་དཔྱད་བྱེད་རྒྱུ།

    ཡུན་ནན་ཞིང་ཆེན་གྱི་མི་ཁྲིའི་འཆར་གཞི་ནི་ཡུན་ནན་ཞིང་ཆེན་གྱི་མཐོ་རིམ་ཤེས་ལྡན་མི་སྣའི་གསོ་སྦྱོང་དང་རོགས་སྐྱོར་འཆར་གཞི་ཡིན།ལོ་5ཡས་མས་ཀྱི་དུས་ཚོད་སྤྱད་དེ།གཙོ་བོ་ནི་རང་བྱུང་ཚན་རིག་དང་ལས་གྲྭའི་ལག་རྩལ།བདག་གཉེར་དོ་དམ་སོགས་ཀྱི་ཁྱབ་ཁོངས་དང་གཞན་དག་ལ་དགོས་པའི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྦྱོང་བྱེད་རྒྱུ།ལོ་10ནང་ཁྲི་1ཡས་མས་ཀྱི་ཡུན་ནན་ཞིང་ཆེན་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་རྒྱུའི་འཆར་གཞི་འགོད་པ་རེད།ལོ་བཞིན་གྱི་ཟླ་4པའི་ཚེས་1ཉིན་ནས་ཟླ་6པའི་ཚེས་30ཉིན་བར་གཅིག་བསྡུས་ཀྱིས་ཞུ་འབུལ་དང་ཞིབ་དཔྱད་བྱེད་རྒྱུ།