རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེམ་མ་རོང་དང་སྐད་ཚགས་ཤང་གཉིས་ནི་ཁྲོན་ཏན་མཐའ་མཚམས་སུ་ཆགས་པ།ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པོ་ལྡན་ཞིང་།ལྷག་པར་དུ་ས་གནས་དེ་དག་གི་བོད་རིགས་ཀྱི་སྲོལ་རྒྱུན་གོས་ཆས་ཀྱི་རྒྱུ་ཆ་སྤུས་ལེགས་པ་དང་།ལས་ཀ་ཞིབ་ཚགས་པ།ཁ་དོག་སྣ་ཚོགས་ལྡན་ཞིང་།དམིགས་བསལ་གྱི་ས་གནས་ཁྱད་ཆོས་ལྡན་པ་དང་དངོས་སྤྱོད་རིན་ཐང་།སྒྱུ་རྩལ་རིན་ཐང་མཐོ་ཙམ་ལྡན་པ་རེད།
དོན་གྲུབ་སྒྲོལ་མ་ནི་གཏེམ་མ་རོང་བ་ཡིན།མོ་དང་ཨ་ལྕེ་གཉིས་ཀྱིས་ཆུང་དུས་ནས་ཨ་ཕ་ནས་འཚེམ་བཟོ་ལག་རྩལ་སྦྱོང་བ།ལོ་ན་ཆུང་བའི་དོན་གྲུབ་སྒྲོལ་མ་ནི་འཚེམ་བཟོ་ལ་དགའ་ཞིང་།དུས་རྒྱུན་དུ་རས་དང་ཁབ།སྐུད་པ་བཅས་ལུས་དང་བྲལ་མེད་ངང་འཁྱེར་ནས་འཚེམ་བཟོའི་ལག་རྩལ་སྦྱོང་བ།སྐབས་འགར་མོའི་གྲོགས་པོ་ཆུང་བོ་རྣམས་ལ་འཚེམ་བཟོའི་དགོས་མཁོ་ཡོད་ན།མོས་དུས་ཐོག་ཏུ་འཚེམ་རོགས་བྱེད་པ།
ལོ་16ལ་སོན་པའི་ལོ་འདིར།དོན་གྲུབ་སྒྲོལ་མ་སྐད་ཚགས་ཤང་གི་བློ་བཟང་ཆོས་གྲགས་དང་གཉེན་སྒྲིག་པ།བློ་བཟང་ཆོས་གྲགས་ནི་ས་གནས་དེ་གར་མིང་གྲགས་ཅུང་ཡོད་པའི་འཚེམ་བཟོ་བ་ཞིག་ཡིན།བློ་བཟང་ཆོས་གྲགས་ཀྱི་ཨ་ཞང་དེ་སྔོན་ནི་དགའ་ལྡན་སུམ་རྩེན་གླིང་གི་གྲྭ་བ་ཡིན།དགོན་པའི་གྲྭ་བ་ཚོ་ལ་ན་བཟའ་བཟོ་བའི་དགེ་རྒན་ལ་ལག་གཡོག་ལས་མྱོང་བས།བོད་རིགས་སྲོལ་རྒྱུན་གོས་ཆས་བཟོ་ཤེས་བ་རེད།
དོན་གྲུབ་སྒྲོལ་མ་དང་བློ་བཟང་ཆོས་གྲགས་གཉིས་ཀྱིས་རང་རང་སོ་སོས་ཁོང་དུ་ཆུད་པའི་འཚེམ་བཟོ་ལག་རྩལ་ཕན་ཚུན་ལ་སྤེལ་རེས་བྱས་ནས།སྲོལ་རྒྱུན་གྱི་འཚེམ་སྟངས་སྤྱད་དེ།ས་གནས་དེ་གའི་བོད་རིགས་རིག་གནས་དང་བསྟུན་ནས།སེམས་ཀྱི་ཉི་ཟླའི་བོད་གོས་མཛེས་ཐོག་སྲོལ་རྒྱུན་རིག་གནས་སྤེལ་བ་རེད།
ལོ་རེའི་དབྱར་དུས།བློ་བཟང་ཆོས་གྲགས་འབྲོག་རར་ཕྱུགས་འཚོ་བར་སོང་ཡོད།འབྲོག་རར་ཀོ་ཆས་འཚེམ་ཤེས་བའི་རྒན་རྒོན་མང་པོ་ཡོད།བློ་བཟང་ཆོས་གྲགས་ཀྱིས་ནན་ཏན་ངང་རྒན་རྒོན་ཚོ་ལ་ཀོ་ཆས་ཀྱི་འཚེམ་བཟོའི་ལག་རྩལ་སློབ་སྦྱོང་བྱས་ནས།སྟོན་དུས་ཁྱིམ་དུ་སླེབས་དུས་དོན་གྲུབ་སྒྲོལ་མ་ལ་སློབ་ཡོད།
2013ལོར།དོན་གྲུབ་སྒྲོལ་མ་དང་བློ་བཟང་ཆོས་གྲགས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚེམ་བཟོ་ཁང་ཞིག་བཙུགས་ནས།སྣ་རིགས་ཆ་ཚང་གི་བོད་གོས་སྒྲུབ་རྫས་འཚོང་བ་དང་ཉོ་མཁན་གྱི་དགའ་ཞེན་ལྟར་འཚེམ་བཟོ་བྱེད་པ།ད་ལྟར་ལག་རྩལ་འདི་བུ་མོ་ལ་སློབ་ཡོད་པ་རེད།