རྩོམ་པ་པོ།   པདྨ་མཚོ།  ཡིག་བསྒྱུར།       དུས་ཚོད།   2018-04-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2017ལོར་རང་ཁུལ་གྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་མུ་མཐུད་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསྙེན་བཀུར་སོགས་ཀྱི་ལས་ཀ་དམ་འཛིན་ཡག་པོ་བྱས་ནས།དོན་དངོས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་དཀའ་གནད་སེལ་བ་རེད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་ཐད་འགན་སྲུང་གང་ལེགས་བྱས་པ།འགུལ་རྣམ་དོ་དམ་དང་འགན་ལེན་བྱ་དགོས་རིགས་འགན་ལེན་བྱེད་པའི་བླང་བྱ་གཞིར་བཟུང་།ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཡུལ་མིས་ཁྱིམ་ཚང་ཚན་པར་བྱས་ནས་འགན་སྲུང་ལག་བསྟར་བྱས་པ།གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ཡུལ་མི13744དང་ཞིང་གྲོང་གི་དཀའ་ངལ་ཡོད་པའི་ཡུལ་མི་114612འགན་ལེན་བྱ་དགོས་པ་ཐམས་ཅད་འགན་ལེན་བྱས་པ་མ་ཟད།ཕྱོགས་ཡོངས་ནས་སྤྱི་ཚོགས་ཅན་གྱི་གཏོང་སྤྲོད་མངོན་འགྱུར་བྱུང་བ།2017ལོའི་ཟླ7པ་ནས་བཟུང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཚད་གཞི་མཐོ་རུ་བཏང་བ།གྲོང་ཁྱེར་གྱི་མ་མཐའི་འགན་ལེན་ཚད་གཞི་མི་རེར་ཆ་སྙོམས་ཀྱིས་ཟླ་རེར་སྒོར505རུ་འཕར་བ།མི་རེར་ཟླ་རེར་ཁ་གསབ་ཆུ་ཚད་མི་རེར་ཟླ་རེར་སྒོར་345རུ་འཕར་བ།གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཆ་སྙོམས་འགན་སྲུང་ཚད་གཞི་ལོ་རེར་མི་རེར་སྒོར་3175རུ་འཕར་བ།མི་རེར་ཟླ་རེར་ཁ་གསབ་ཚད་གཞི་སྒོར་168རུ་འཕར་བ།གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ABCབཅས་རིགས་གསུམ་དབྱེ་ནས་འགན་ལེན་ལག་བསྟར་བྱས་པ་ཡིན་ཏེ།Aརིམ་པ་དེ་ཟླ་རེར་མི་རེར་སྒོར་220རུ་ཐོན་པ་དང་།Bརིམ་པ་དེ་ཟླ་རེར་མི་རེར་སྒོར་160རུ་ཐོན་པ།Cརིམ་པ་དེ་ཟླ་རེར་མི་རེར་སྒོར་110རུ་ཐོན་པ།ལོ་ཧྲིལ་པོར་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མ་དངུལ་གཏོང་སྤྲོད་སྒོར་དུང་ཕྱུར་2.26སྤྲོད་ཡོད་པ་རེད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསྙེན་བཀུར་ལེགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་གནད་འཕིགས་ངོས་འཛིན་བྱས་ནས།ཁུལ་ཡོངས་ཀྱི་ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་2192ཡོངས་རོགས་སྐྱོབ་དང་བསྙེན་བཀུར་གྱི་ཁྱབ་ཁོངས་ནང་བཅུག་པ་རེད།འདིའི་ཁྲོད།གྲོང་ཁྱེར་དང་གྲོང་རྡལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་མི་544ཡོད་པ་དང་། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་མི་1648ཡོད་པ་རེད།གྲོང་ཁྱེར་དང་གྲོང་རྡལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་དང་གྲོང་གསེབ་གཅིག་སྡུད་ཀྱི་བསྙེན་བཀུར་གྱི་ཚད་གཞི་ནི་ཟླ་རེར་མི་རེར་སྒོར་540རུ་འཕར་བ་དང་།གྲོང་གསེབ་ཏུ་ཁ་ཐོར་དུ་ཡོད་པའི་བསྙེན་བཀུར་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་455རུ་འཕར་བ།ལོ་ཧྲིལ་པོར་རིམ་རྩིས་བརྒྱབ་ན་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་མ་དངུལ་སྒོར་ཁྲི791སྤྲོད་ཡོད་པ་རེད།
གྲོང་གསེབ་ཀྱི་དྭ་ཕྲུག་དང་དབང་སྐྱོན་བྱིས་པ་གཉོར་གང་ཐུབ་བྱེད་དགོས་པ།གཅིག་སྡུད་བསྙེན་བཀུར་བྱས་པའི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཆ་སྙོམས་ཁ་གསབ་ཚད་གཞི་དེ་ཟླ་རེར་མི་རེར་སྒོར་1749ནས་སྒོར1769རུ་འཕར་བ།ཁ་ཐོར་ཏུ་བསྙེན་བཀུར་བྱས་པའི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཆ་སྙོམས་ཁ་གསབ་ཚད་གཞི་དེ་ཟླ་རེར་མི་རེར་སྒོར་1049.41ནས་སྒོར1069.41ཏུ་འཕར་བ།ཁུལ་ཡོངས་ཀྱི་དྭ་ཕྲུག182ཆ་སྙོམས་ཀྱིས་ལྟ་རྟོག་དང་གསོ་སྐྱོང་ཅུང་ཡག་པོ་བྱུང་ཡོད།ལོ་ཡོངས་སུ་ཁྱོན་བསྡོམས་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཁ་གསབ་མ་དངུལ་སྒོར་ཁྲི254བཏང་ཡོད་པ་རེད།