ཉི་ཤར་ནས་མཐའ་ཆུའི་བར་གྱི་ལམ་རྒྱུད་ལ་མཛེས་པའི་མེ་ཏོག་བཞད།

རྩོམ་པ་པོ།   སུང་ཞའོ་པའོ།  ཡིག་བསྒྱུར།       དུས་ཚོད།   2018-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       ཁྱེད་རང་སེམས་ཀྱི་ཉི་ཟླའི་ཉི་ཤར་ཤང་ནས་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་བར་གྱི་གཞུང་ལམ་དེ་བརྒྱུད་ཨེ་མྱོང་།    གནས་སྐབས་གཞུང་ལམ་འདི་བརྒྱུད་པ་ཡིན་ན་ཁྱེད་ཀྱིས་ལམ་བར་ན་མཛེས་སྡུག་ལྡན་པའི་མེ་ཏོག་མང་བོ་ཞིག་གི་མཛེས་ཉམས་ལོངས་སུ་སྤྱད་ཆོག    ཉེ་ཆར་ཉི་ཤར་ནས་མཐའ་ཆུའི་བར་གྱི་ལམ་རྒྱུད་གང་རུང་ན་ཡེན་ཧྭ་དང་ཁམ་སྡོང་གི་མེ་ཏོག་སོགས་བཞད་ནས་བལྟ་བའི་ཚེ་ན་ཡིད་ལ་སྨྲ་མི་ཤེས་པའི་སྤྲོ་སྣང་ཞིག་ངམ་ཤུགས་ཀྱིས་སྟེར་ཡོང་བ་དང་།        ལུག་མིག་མེ་ཏོག་ཀྱང་རབ་ཏུ་བཞད་དེ་རླུང་གི་རྒྱུ་བ་དང་བསྟུན་ནས་ཕར་གཡོ་ཚུར་གཡོ་བྱེད་བཞིན་རྒྱང་རིང་གི་མགྲོན་པོ་ལ་ལྷག་བསམ་གྱི་བསུ་མ་བྱེད་པ་དང་ཀུན་ནས་མཚུངས།    མེ་ཏོག་སྣ་ཚོགས་ཀྱིས་དགའ་སྤྲོའི་འཛུམ་ཞལ་མངོན་པ་དེས།    ལམ་འགྲམ་ལ་མཛེས་ལྗོངས་གསར་བ་ཞིག་བསྣན་འདུག  

 


 


 


 


 


 

        ནམ་ཟླ་ཡང་ཇེ་དྲོད་ལ་ཕྱིན་ཡོད་པས།    གལ་ཏེ་ཁྱེད་ལ་ཡང་ལམ་ཁ་འདི་བརྒྱུད་པའི་གོ་སྐབས་ཡོད་ན།    བྲེལ་འཚུལ་དང་ངལ་དུབ་ཀྱི་ཀློང་ནས་ངལ་གསོ་ཐེངས་ཤིག་བྱས་ཏེ་མེ་ཏོག་གི་དྲི་ཞིམ་དང་མཛེས་ཉམས་ལ་རོལ་མྱོང་ཐེངས་ཤིག་བྱེད་རྒྱུ་མ་བརྗེད་རོགས།