རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་གསར་འགྱུར་ཅུས་ནས་ཤེས་རྟོགས་བྱུང་བ་བ་ལྟར་ན།ཟླ5པའི་ཚེས་11 ཉིན། རང་ཁུལ་གྱིས་བརྗོད་སྙིང་ལ་ང་རང་ཉི་འོད་ལ་དགའ་བ་དང་། ངའི་སེམས་པ་ཏང་ལ་ཕྱོགས་པ། ང་རང་བདེ་ཐང་ཡོང་དགོས་ཞེས་པའི་སྐབས་གཉིས་པའི་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་ལུས་རྩལ་སྤྱི་གླིང་རྐང་ཐང་འགྲན་བསྡུར་སྤེལ་རྒྱུ་རེད།
རྐང་ཐང་འགྲན་བསྡུར་དེ་གཞོན་ནུ་དང་། ལོ་སུམ་ཅུ་ཡས་མས། མི་དར་མ་བཅས་ཚོ་ཆུང་གསུམ་དུ་བགར་ཡོད།འགྲན་བསྡུར་ནང་དུ་གློག་རྡུལ་ཉིང་ལྷེབ་ཀྱིས་མིང་རྟགས་འགོད་པའི་བྱེད་ཐབས་སྤྱོད་གྲབས་ཡོད་ཅིང་། ལམ་བར་དུ་མིང་རྟགས་ཐོ་འགོད་བྱེད་ས་གསུམ་འཛུགས་རྒྱུ་རེད། ངེས་པར་དུ་རུ་མི་ཡོངས་ཀྱིས་འདུས་ནས་མིང་རྟགས་འགོད་དགོས་པ་དང་ཆེས་མཐའ་མཇུག་གི་སྐར་འབྲས་ནི་རུ་མི་རྗེས་མ་དེས་མིང་རྟགས་འགོད་པའི་དུས་ཚོད་ལྟར་བརྩི་རྒྱུ་རེད། རྐང་ཐང་དུ་བསྐྱོད་པའི་ལམ་ཐིག་ནི་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་གནས་ཐང་ཆེན་ནས་འགོ་ཚུགས་མཛད་སྒོ་ཚུགས་རྗེས་བསྐྱོད་རྒྱུ་ཡིན་པ་དང་། ནང་ཕྱོགས་ཀྱི་ཤར་ལམ་ནས་བྱང་དུ་ཆས་ཏེི། ཀླུ་ཆུའི་འགྲམ་གྱི་རྐང་ལམ་བརྒྱུད་དེ་མཆོད་རྟེན་གྱི་རི་རྩེའི་ཉག་ཁ་བར་དང་། དེ་ནས་ཕྱུགས་ར་ནས་ཚུར་ལུང་གྲོང་ཚོ་བར། དེ་ནས་ཆུ་ཆུང་བརྒལ་ཏེ་རྒྱལ་བ་རིགས་ལྔའི་དགོན་གྱི་ཁ་ཕྱོགས་བརྒྱུད་ནས་རི་སྟེང་གི་རྐང་ལམ་དང་། རི་རྩེར་ཐོན་རྗེས་ལྷོ་ཕྱོགས་ཀྱི་སྤྱི་ལེ་གཅིག་གི་མཚམས་ནས་ནུབ་ཕྱོགས་ཀྱི་རྐང་ལམ་སྤྱི་ལེ་གསུམ་ནས་འདེབས་འཛུགས་ར་བའི་བར། དེ་ནས་འཕྲུལ་རྨོ་ལམ་ཕྲན་བརྒྱུད་དེ་རྫོང་པ་ནགས་ལྕོག་རི་བོའི་ཉི་ཁའི་བར་སོང་ནས་སླར་ཡང་མི་རིགས་ལུས་རྩལ་ལྟེ་གནས་ཀྱི་འགོ་ཚུགས་སའི་བར་དུ་ཕྱིར་ལོག་རྒྱུ་རེད། ལམ་ཐག་ཧྲིལ་བོར་སྤྱི་ལེ18ཡོད་ཅིང་། རྐང་ཐང་དུ་འགྲོ་ན་ཆུ་ཚོད4ལྷག་དགོས།
རྐང་ཐང་འགྲན་བསྡུར་དེ་ནི་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་གསར་འགྱུར་ཅུས་དང་།ཁུལ་ཐད་གཏོགས་ལས་ཁུངས་བཟོ་པའི་ལས་དོན་ཨུ་ཡོན་ལྷན་ཁང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་། གུང་གཞོན་སྡེ་ཚོགས་བདེ་ཆེན་ཁུལ་ཨུ་དང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་།ཁུལ་ལུས་རྩལ་ཁང་གི་དོ་དམ་ལྟེ་གནས་དང་། ཁུལ་གཞོན་ནུ་ལོ་ཆུང་གི་ལུས་རྩལ་སྤྲོ་སྐྱིད་ཁང་།བདེ་ཆེན་ཁུལ་ནོར་གནག་རྒྱུགས་རེས་མཐུན་ཚོགས་བཅས་ཀྱིས་སྒྲུབ་འགན་འཁུར་བ་ཞིག་རེད། ཐེངས་འདིའི་བྱེད་སྒོ་བསྡུ་བའི་དམིགས་ཡུལ་ནི།
ལས་ཁུངས་ཀྱི་ཏང་དང་། བཟོ་ཚོགས། ན་གཞོན། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་རྩ་འཛུགས་འཛུགས་སྐྱོང་བྱེད་པ་དང་།བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ། རྩ་འཛུགས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བའི་ཕྱིར་དུ་ཡིན་པ་དང་། ལས་ཁུངས་ཀྱི་དམངས་ཡོངས་ལུས་སྦྱོང་ལ་སྐུལ་འདེད་དང་།སྤྱི་ཚོགས་ཀྱི་ལས་རིགས་ཁག་ཀྱི་གཟུགས་གཞི་ཇེ་ལེགས་སུ་བཏང་ནས། རྒྱ་ཆེའི་ལས་བཟོ་བ་ཕྱི་རོལ་ཡུལ་དུ་བསྐྱོད་ནས། རང་བྱུང་ཁམས་དང་ཉེ་བཅར་བྱེད་པ་དང་།ལུས་རྩལ་སྦྱོང་བརྡར་ནང་ཞུགས་པར་སྐུལ་མ་གནང་སྟེ། བདེ་ཐང་གི་ལུས་པོས་འཆམ་མཐུན་བདེ་ཆེན་དང་།མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།