བདེ་ཆེན་གྱིས་བོད་ཁུལ་ཏང་འཛུགས་ཞིབ་འཇུག་གནས་གཞི་ཞེས་པ་བཙུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་4པའི་ཚེས་13ཉིན། བོད་ཁུལ་ཏང་འཛུགས་ཞིབ་འཇུག་གནས་གཞི་ཁུལ་ཨུའི་ཏང་གི་སློབ་གྲྭར་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལིའུ་རུང་གིས་གནས་གཞིའི་སྒོ་བྱང་འབྱེད་པ་རེད།

        ལིའུ་རུང་གིས་བསྟན་དོན། བོད་ཁུལ་ཏང་འཛུགས་ཞིབ་མཇུག་གནས་གཞི་ཞེས་པ་ནི་རང་ཁུལ་གྱིས་རྣམ་པ་གསར་བའི་རིག་མཛོད་འཛུགས་སྐྲུན་ལས་ཀ་འགོ་ཚུགས་ནས་དངོས་སུ་སྒོ་བྱང་བཀལ་ཞིང་འཛུགས་པའི་རིག་མཛོད་དང་པོ་ཡིན། བོད་ཁུལ་ཏང་འཛུགས་ཞིབ་མཇུག་གནས་གཞི་ཞེས་པ་བཙུགས་ཏེ། རང་ཁུལ་གྱིས་རྒྱལ་ཡོངས་ཞིང་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་རླབས་ཆེན་དམིགས་འབེན་ལ་རིག་པའི་རོགས་སྐྱོར་བྱེད་རྒྱུ།

        ལིའུ་རུང་གིས་བླང་བྱ་བཏོན་དོན། འབྲེལ་ཡོད་ལས་ཁུངས་དང་མི་སྣས་སྔར་ལས་ལྷག་པར་མྱུར་མགྱོགས་ཀྱིས་ཁུལ་ཡོངས་ཀྱི་རྣམ་པ་གསར་བའི་རིག་མཛོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རིག་མཛོད་འཛུགས་སྐྲུན་ཞིང་ཆེན་ཕྱི་ནང་དང་རྒྱལ་ཡོངས་བོད་ཁུལ་དུ་གྲགས་པའི་རིག་མཛོད་དུ་འཛུགས་སྐྲུན་བྱེད་དགོས། སྤྱོད་ཡོན་གཉིན་ལྡན་གྱི་རུ་ཁག་ཅིག་འཛུགས་དགོས། ཚན་རིག་དང་མཐུན་པའི་རིག་མཛོད་ཀྱི་དོ་དམ་ལམ་ལུགས་དང་འཁོར་སྤྱོད་ལམ་ལུགས་འཛུགས་དགོས། ནན་ཏན་གྱིས་ཏང་ཨུ་དང་སྲིད་གཞུང་ལ་རོགས་འདེགས་ནུས་ཤུགས་འདོན་དགོས། བོད་ཁུལ་གྱི་བདག་སྐྱོང་ནུས་ཤུགས་མཐོ་རུ་གཏོང་བ་དང་སྤྱི་ཚོགས་དཔལ་ཡོན་འཕེལ་རྒྱས་ཁྲོད་དུ་བྱུང་བའི་གནད་དོན་ལ་དམིགས་ནས་ཁུལ་གྱི་གནས་ཚུལ་ལ་ཞིབ་འཇུག་བྱེད་དགོས།   ཞི་ཅིན་ཕིང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁུལ་ཡོངས་ཏང་ཡོན་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲས་དགོས།

        ཤེས་གསལ་བྱུང་དོན། མིག་སྔར། ཐོག་མར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འགོ་གཙོ་བྱེད་པ་དང་རིག་མཛོད་འགོ་ཁྲིད་ཚོ་ཆུང་གི་ཁོངས་གཏོགས་ལས་ཁུངས་སོ་སོས་གཙོ་བོར་འཛིན་པ། ཆེད་ལས་ཞིབ་མཇུག་ལས་ཁུངས་ཀྱིས་རིག་མཛོད་མིག་དཔེར་བཟུང་བའི་རིག་མཛོད་འཛུགས་སྐྲུན་གནས་གཞི་ཞིག་བཙུགས་ཡོད་པ་རེད།