རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-24   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
ཁྱིམ་བདག་གིས་ཕྲུ་གུར་སྔ་པོ་ནས་གོམ་པ་སྤོ་རུ་འཇུག་པ་ནི་ནོར་འཁྲུལ་གྱི་བྱེད་སྟངས་ཤིག་རེད།དོན་དངོས་ཐོག་ཕྲུ་གུའི་དབང་རྩའི་མ་ལག་དང་རུས་པ་དང་ཤ་སྟོབས་རྦད་དེ་འཚར་ལོངས་བྱུང་མེད་པའི་སྐབས་སྔ་པོ་ནས་གོམ་པ་སྤོ་རུ་བཅུག་ཚེ་རུས་པ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཕན་པ་གང་ཡང་མེད།
ཁྱིམ་བདག་གིས་ཕྲུ་གུས་གོམ་པ་སྤོ་མི་ཤེས་པའི་སྐབས་ཁོང་ཚོར་གོག་བགྲོད་བྱེད་པའི་ཁོར་ཡུག་ཅིག་བཏོད་ནས་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་དགོས།དུས་མཚམས་འདི་ནི་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་བའི་གལ་ཆེའི་དུས་མཚམས་ཤིག་ཡིན་པས་ཕ་མས་ཕྲུ་གུའི་གོག་བགྲོད་ལ་སྣང་ཆུང་བྱ་རྒྱུ་མེད།