རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ4བའི་ཚེས་21ཉིན། རྒྱལ་ཁབ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཔྱད་དཔག་ཆེད་མཁས་པས་ལྡོག་འདྲེན་བསམ་འཆར་འདོད་པའི་སྐབས་སུ།ཡུན་ནན་ཞིང་ཆེན་པདྨ་རི་བོ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ཁུལ་གྱི་དོ་དམ་དང་སྲུང་སྐྱོབ་ལས་ཀར་གདེང་འཇོག་ཚད་མཐོན་པོ་གནང་བ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་དང་བོའི་ཟླ་མཇུག་ནས་བཟུང་ཁོར་ཡུག་སྲུང་སྐྱོབ་པུའུ་དང་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་པུའུ།ཆུ་བེད་པུའུ། ཞིང་ལས་པུའུ། རྒྱལ་ཁབ་ནགས་ལས་ཅུས། ཀྲུང་གོའི་ཚན་རིག་ཞིབ་འཇུག་ཁང་།རྒྱ་མཚོ་ཅུས་སོགས་ལས་ཁུངས་བདུན་གྱིས་འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་ལས་ལས་ཀའི་དཔྱད་དཔག་ལས་སྒོ་འགོ་ཚུགས།དེའི་ནང་ཡུན་ནན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་18་ལ་རིམ་པ་གསུམ་བགར་ནས་དཔྱད་དཔག་བྱས་ཏེ།པདྨ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་མཇུག་མཐར་ལ་དཔྱད་དཔག་དང་ལེན་བྱས་པའི་སྲུང་སྐྱོབ་ཁུལ་ཡིན་པ་རེད།ཟླ4བའི་ཚེས་18ནས་ཚེས་20བར་ཆེད་མཁས་པའི་ཚོ་ཆུང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིང་དང་ཞིང་ཆེན་ནགས་ལས་ཐིང་གི་འབྲེལ་ཡོད་འགན་འཛིན་མི་སྣའི་འགྲོ་རོགས་འོགའཇོལ་རྫོང་དང་འབའ་ལུང་རྫོང་གི་སྡེ་ཁུལ་གྱི་མང་ཚོགས་ལ་འཚམས་འདྲི་བྱས་ཏེ།གཏིང་ཟབ་པའི་སྒོ་ནས་སྲུང་སྐྱོབ་ཁུལ་གྱི་དོ་དམ་གྱི་རྨང་གཞི་དང་དོ་དམ་གྱི་བྱ་སྤྱོད།དོ་དམ་གྱི་འགན་སྲུང་། དོ་དམ་གྱི་ཕན་འབྲས།ཤུགས་རྐྱེན་ངན་པ་སོགས་ལ་རྒྱུས་ལོན་བྱས་པ་རེད། ཚེས་21ཉིན། ཆེད་མཁས་པའི་ཚོ་ཆུང་གིས་ལས་ཀའི་གྲོས་ཚོགས་བསྡུས་ཤིང་།པདྨ་རི་བོའི་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་བྱ་བའི་སྙན་ཞུར་ཉན་ལ།ཁུལ་སྲིད་གཞུང་དང་ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཁོར་ཡུག་སྲུང་སྐྱོབ་ཅུས།ནོར་སྲིད། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་ཅུས། ཞིང་འབྲོག ནགས་ལས། ཆུ་བེད་ལས་དོན།འགྲིམ་འགྲུལ་སོགས་ཀྱི་འབྲེལ་ཡོད་འགན་འཛིན་པ་དང་བགྲོ་གླིང་ཚོགས་འདུ་བསྡུས་ནས། ཡུལ་དངོས་ནས་དཔྱད་དཔག་སྐར་མ་བརྒྱབ་ནས་ལྡོག་འདྲེན་བྱས་པ་རེད་།
ཆེད་མཁས་པ་རྣམས་ཀྱིས་པདྨ་རི་བོའི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་དམིགས་ཕྱོགས་གསལ་ལ།སྲུང་སྐྱོབ་ཀྱི་ཕན་འབྲས་མངོན་གསལ་ཡིན་པ། སྲུང་སྐྱོབ་ཁུལ་ན་གྲངས་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་པ།སྲུང་སྐྱོབ་ཁུལ་ན་འགན་སེམས་དང་ལས་དོན་གྱི་བྱང་ཚད་མཐོའི་དོ་དམ་རུ་ཁག་གཅིག་ཡོད་ལ།ཁོ་ཚོར་པདྨ་རི་བོའི་སྙིང་སྟོབས་ལྡན། གནས་སྲིད་གཞུང་གིས་མཐོང་ཆེན་གནང་བ།སྲུང་སྐྱོབ་ཀྱི་བྱེད་ཐབས་ལ་ཁྱད་ཆོས་ལྡན་ཞིང་། ས་གནས་སྤྱི་དམངས་མང་དང་མཉམ་དུ་དོ་དམ་བྱེད་པའི་ལམ་བུ་འཚོལ་ཞིམ་ཐུབ་ཡོད་པ།དྲིལ་བསྒྲགས་སློབ་གསོའི་ལས་ཀའི་བྱེད་ཐབས་མང་བ་དང་ཕན་འབྲས་ལྡན་ལ།སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆེ་བ། འོན་ཀྱང་སྲུང་སྐྱོབ་ཁུལ་གྱི་མཐའ་འཁོར་གྱི་མང་ཚོགས་ཀྱིས་སྲུང་སྐྱོབ་ཁུལ་ལ་རྟེན་པའི་ཚད་ཅུང་མཐོ་ལ།འདི་ལྟ་བུའི་བསམ་བློའི་ཁ་ཕྱོགས་བསྒྱུར་པར་གོ་རིམ་ཞིག་དགོས་ལ།གཞན་ད་རུང་དཔལ་འབྱོར་དང་ཡུལ་སྐོར་མུ་མཐུད་དུ་འཕེལ་རྒྱས་སོང་བ་དང་བསྟུན་ནས།སྲུང་སྐྱོབ་ས་ཁུལ་གྱི་མནོན་ཤུགས་ཇེ་མཐོར་སོང་ལ། སྔར་ལས་ལྷག་པར་སྲུང་སྐྱོབ་དང་འཕེལ་རྒྱས་ཕྱོགས་གཉིས་ལ་ཕན་པའི་ལམ་བུ་འཚོལ་ཞིབ་བྱས་ཏེ།ལུགས་མཐུན་གྱིས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་ཐོན་ཁོངས་དོ་དམ་བྱེད་དགོས་པ་བསྟན།
ཆེད་མཁས་པས་སྔར་ལས་ལྷག་པར་སྲུང་སྐྱོབ་ཁུལ་དོ་དམ་གྱི་སྤྱིའི་ཆ་འཆར་འགོད་འཐུས་ཚང་དུ་བཏང་ནས། ཁོངས་གཏོགས་ཁུལ་གྱི་ཐོན་ཁོངས་དོ་དམ་ལ་ཤུགས་སྣོན་བྱེད་དགོས་པ་དང་།མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་བྱས་ནས་ཤེས་ལྡན་མི་སྣའི་ནུས་པ་འདོད་སྤེལ་ཐུབ་པ་བྱེད་དགོས།ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འཛུགས་སྐྲུན་རྣམས་གྲངས་དང་ཟུང་འབྲེལ་བྱས་ནས།སྔར་ལས་ལྷག་པར་མཐའ་འཁོར་སྡེ་ཁུལ་གྱི་ནུས་ཁུངས་གསར་བསྒྱུར་གྱི་རིམ་སྤེལ་ལ་སྐུལ་འདེད་གཏོང་དགོས་ལ།དོ་དམ་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་ཧུར་བརྩོན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ལྟེ་བའི་འཛུགས་སྐྲུན་ལ་ཡིག་ཐོག་སྙན་ཞུ་འབུལ་དགོས་པའི་བསམ་འཆར་བཏོན་པ་རེད།