བདེ་ཆེན་ཁུལ་ཡོངས་སུ་འཛམ་གླིང་དཔེ་ཀློག་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཟླ་4བའི་ཚེས་23ཉིན་ཏེ་རིག་རྩལ་གྱི་སྣང་བས་ཁེངས་པའི་ཉིན་མོ་འདིར་རང་ཁུལ་ནས་དཔེ་ཀློག་གི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།ཁུལ་དཔེ་མཛོད་ཁང་གིས་“དཔེ་ཀློག་དང་མི་བྲལ་བའི་བདེ་སྐྱིད་ཀྱི་འཚོ་བ་”ཞེས་པ་བརྗོད་གཞི་བྱས་པའི་དཔེ་ཀློག་གི་བྱེད་སྒོ་བསྡུས་ཤིང་།དམངས་ཡོངས་ལ་དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཆགས་པར་བྱས་ཏེ།རང་ཉིད་ཀྱི་ཤེས་ཡོན་ཆུ་ཚད་ཇེ་མཐོར་བཏང་ནས་ཕུལ་བྱུང་གི་མི་ཆོས་སྙིང་སྟོབས་དར་སྤེལ་བྱེད་དགོས་པའི་སྐུལ་མ་བཏང་།





         ཟླ4བའི་ཚེས་23ཉིན་འབའ་ལུང་རྫོང་གིས་སྐབས་23པའི་འཛམ་གླིང་དཔེ་ཀློག་ཉིན་མོར་སླེབས་ལ་ཉེ་བའི་སྐབས་འདིར།འབའ་ལུང་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས།དཔེ་མཛོད་ཁང་བཅས་ཀྱིས་ཉན་ས་སྲང་གི་ཐང་ཆེན་ནས་“དམངས་ཡོངས་དཔེ་ཀློག་ལ་སྐུལ། མཉམ་དུ་དཔེ་ཀློག་གི་འབའ་ལུང་སྐྲུན།མཛེས་བཞི་སྐྲུན་པར་སྐུལ་སྤེལ་བྱེད།”ཅེས་པ་བརྗོད་གཞི་བྱས་པའི་དམངས་ཡོངས་དཔེ་ཀློག་གི་བྱེད་སྒོ་བསྡུས་པ་རེད།ལས་བྱེད་མི་སྣས་ཡུལ་དངོས་ནས་དཔེ་ཀློག་པར་དཔེ་ཆ་གཡར་ཡིག་བཟོས་ལ། དངུལ་ཚབ་པ་སེ་སྤྲད་པ་རེད།དམངས་ཡོངས་དཔེ་ཀློག་གི་མིང་རྟགས་བཀོད་པའི་མཛད་སྒོ་བསྡུས་ཤིང་འབའ་ལུང་རྫོང་དཔེ་མཛོད་ཁང་གི་ངོ་སྤྲོད་མདོར་བསྡུས་དང་གློག་རྡུལ་དཔེ་གཡར་གྱི་གོ་རིམ་སོགས་ཀྱི་ཡིག་ཆ་བཀྲམ་པ་རེད།




         ཟླ་4བའི་ཚེས་23ཉིན་གྱི་སྔ་དྲོར།འཇོལ་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་སྨན་ཁང་རྙིང་བའི་ལྟེ་བའི་ཐང་ཆེན་ནས་2018ལོའི་འཛམ་གླིང་དཔེ་ཀློག་ཉིན་མ་དང་དམངས་ཡོངས་དཔེ་ཀློག་ལ་སྐུལ་བའི་བྱེད་སྒོ་བསྡུས་ཤིང་།འཇོལ་རྫོང་དྲིལ་བསྒྲགས་པུའུ་དང་རྫོང་སྲིད་གྲོས།རྫོང་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་ཅུས།རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་འབྲེལ་ཡོད་འགན་འཛིན་པ་ཐེངས་འདིའི་བྱེད་སྒོར་ཞུགས་ཡོད་ལ།རྒྱ་ཆེའི་མང་ཚོགས་ལ་ཧུར་བརྩོན་གྱིས་དཔེ་ཀློག་བྱས་ནས་ཤེས་ཡོན་གྱིས་མི་ཚེ་རྫོགས་ལྡན་དང་འཚོ་བའི་ཁ་ཕྱོགས་གསལ་ཐུབ་པ་བྱེད་དགོས་པའི་སྐུལ་མ་བཏང་བ་མ་ཟད།འབྲེལ་ཡོད་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་བྱས་པ་རེད། ཡུལ་དངོས་ནས་དགོན་པར་དཔེ་ཆ་ཞལ་འདེབས་ཕུལ་བའི་མཛད་སྒོ་སྤེལ་ཞིང་།རྫོང་དྲིལ་བསྒྲགས་པུའུ་ཡིས་གྲྭ་བའི་སྐུ་ཚབ་པར་བོད་ཡིག་གི་དཔེ་ཆ་བསྟེར་བ་རེད།