འཇོལ་རྫོང་དུ་སྤྱི་སྤྱོད་རླངས་འཁོར་ཐོག་མ་བཏང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཟླ་4པའི་ཚེས་23ཉིན།འཇོལ་རྫོང་གི་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་དེ་མི་དམངས་ཚོགས་ཁང་ཐང་ཆེན་དུ་སྤེལ་བ་དང་།དེས་འཇོལ་རྫོང་དུ་སྤྱི་སྤྱོད་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པར་མཚོན་པར་བྱས་ཡོད།


        ཤེས་རྟོགས་བྱུང་བར་གཞིགས་ན།ནན་ཏན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་སྔོན་དུ་སྤེལ་བའི་སྐོར་གྱི་བསམ་འཆར་ལག་ལེན་མཐའ་ཕྱིན་བྱེད་པའི་ཆེད་དུ།བདེ་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚོགས་ཀུང་སིས་སྒོར་ཁྲི་100ཡི་མ་དངུལ་འཇོག་སྟེ་འཇོལ་རྫོང་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཀུང་སི་ཐོ་འགོད་པ་དང་།མ་དངུལ་སྒོར་ཁྲི་50འཇོག་ནས་སྡོད་ས་15ཡོད་པའི་ཁོར་ཡུག་སྲུང་སྐྱོང་ཅན་གྱི་་སྤྱི་སྤྱོད་རླངས་འཁོར་3ཉོས་པ་རེད།  

        ཉེ་བའི་ལོ་འགའི་རིང་།  འཇོལ་རྫོང་གི་སྤྱི་སྤྱོད་རླངས་འཁོར་རྗེས་ལུས་ཀྱི་རྣམ་པར་གནས་ཡོད་པས།   མང་ཚོགས་ཀྱི་སྟབས་བདེ་དང་ལས་ཆོད་མཐོན་པོའི་དགོས་མཁོ་ཚིམ་མི་ཐུབ།   རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གནས་ཚུལ་དེ་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་ཆེད་དོན་ཚོགས་འདུ་ཐེངས་མང་པོ་འཚོགས་ནས་སྤྱི་སྤྱོད་རླངས་འཁོར་གྱི་འཁོར་སྐྱོད་ལས་ཀ་གྲ་སྒྲིག་བྱེད་པ་དང་འབྲེལ་ཡོད་འགྲོ་གྲོན་ནོར་སྲིད་སྔོན་རྩིས་ནང་བཅུག་པ་རེད།


        གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་མཛད་སྒོའི་ཐོག   བདེ་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚོགས་ཀུང་སིའི་འགན་འཁུར་མི་སྣ་ཡིས་དེང་ཕྱིན་སྤྱི་སྤྱོད་རླངས་འཁོར་ཀུང་སིའི་ལས་མི་ཡོངས་ཀྱིས་སྤུས་ལེགས་ཀྱི་ཞབས་ཞུ་དང་།  ཚད་ལྡན་དང་ལས་ཆོད་མཐོན་པོའི་དོ་དམ་གྱིས་སྤྱི་སྤྱོད་རླངས་འཁོར་དེ་འཇོལ་རྫོངགི་རྣམ་པ་མངོན་པའི་སྒེའུ་ཁུང་དུ་བཞེངས་སྐྲུན་བྱ་རྒྱུ་ཡིན་པ་དང་།   ཧུར་ཐག་གིས་ལོ་ན་60ཡན་གྱི་རྒན་པ་དང་དབང་པོ་སྐྱོན་ཅན།  དམག་མི་སོགས་རིན་མི་དགོས་པར་སྤྱི་སྤྱོད་རླངས་འཁོར་སྡོད་ཆོག་པའི་གཟིགས་སྐྱོང་སྲིད་ཇུས་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ་ཁས་ལེན་བྱས།