ཡར་རི་སྡེ་བའི་དངོས་ཟོག་རིག་གནས་བརྗེ་རེས་ཀྱིས་ཞིང་བའི་འཚོ་བ་ཕུན་སུམ་ཚོགས་པར་བཏང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        


        ཉེ་ཆར་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཡར་རི་གྲོང་ཚོས་“དངུལ་སྐྱོར་རིག་སྐྱོར། རིག་གནས་སྔོན་བསྐྱོད། རིག་གནས་རིག་སྐྱོར། དབུལ་སྒྲོལ་ཕྱུག་བསྒྱུར།”ཞེས་པ་བརྗོད་གཞི་བྱས་པའི་དངོས་ཟོག་རིག་གནས་བརྗེ་རེས་ཀྱི་བྱེད་སྒོ་བསྡུས་ནས། སྔར་ལས་ལྷག་པར་མང་ཚོགས་ཀྱི་དངོས་པོའི་རིག་གནས་ཕུན་སུམ་ཚོགས་པར་བཏང་ཞིང་། ཁྲོམ་ར་སྔར་ལས་འཁྲུག་པོར་བཏང་ལ། ཞིང་ལས་ཐོན་རྫས་འདེབས་འཛུགས་དང་ཚོང་ལམ་བཙལ་ཏེ། ཏན་ཏིག་གིས་མང་ཚོགས་ཀྱི་ཡོང་འབབ་ཕར་སྣོན་གྱིས་ཕྱུག་བསྒྱུར་བྱེད་ལས་སྐུལ་ལ་སྤེལ་བྱས་པ་རེད།  

        ཐེངས་འདིའི་དངོས་ཟོག་བརྗེ་རེས་ལ་ཞིང་ལས་ཐོན་རྫས་དང་ཤིང་བཟོས་ཡོ་བྱད། སྨྱུག་བཟོས་ཡོ་བྱད། ལག་བཟོས་རོལ་ཆས་སོགས་གཙོ་བོ་བྱས་ཡོད་ལ། བྱེད་སྒོའི་སྐབས་སུ་ལག་རྩེད་སྤོ་ལོའི་འགྲན་བསྡུར་དང་ཐག་འཐེན། གླུ་ལེན་གར་རྩེད་སོགས་ཀྱི་རིག་རྩེད་ཀྱི་བྱེད་སྒོ་སྤེལ་པ་རེད། 

        ཐེངས་འདིའི་བྱེད་སྒོའི་བར་དུ་ད་རུང་ཡར་རི་གྲོང་ཚོའི་ནད་པ་ཡོད་ལ་དཀའ་ཁག་ཆེན་པོ་ཡོད་པའི་དུད་ཁྱིམ་གཉིས་ལ་ཞལ་འདེབས་བསྡུ་བའི་བརྩེ་བའི་དྲོད་ཁོལ་བསྩལ་བའི་ཀུན་ཕན་གྱི་བྱེད་སྒོ་སྤེལ་ཞིང་། གྲོང་རྡལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ས་གནས་མང་ཚོགས་བཅས་ཀྱིས་རང་རང་གི་བརྩེ་བ་ཕུལ་ལ། བྱེད་སྒོ་གྲོལ་བའི་བར་དུ་བསྡོམས་པས་བརྩེ་བའི་ཞལ་འདེབས་སྒོར་35165འདུས།