རྩོམ་པ་པོ།   པདྨ་མཚོ།  ཡིག་བསྒྱུར།       དུས་ཚོད།   2018-05-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།(གསར་འགོད་པ།པདྨ་མཚོ།)ཉེ་སྔོན།འཇོལ་རྫོང་ཨ་གདོང་སྡེ་བའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་དང་ཧྲིན་ཕིང་གྲོང་རྡལ་སྲིད་གཞུང་གི་ལས་དོན་རུ་མིས་ལྕ་བ་ཆེད་མཁས་གདན་འདྲེན་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་ཡུལ་མི་རྣམས་ལ་ཡུལ་དངོས་ནས་ལྕ་བ་འདེབས་འཛུགས་གསོ་སྦྱོང་བྱས་པ་རེད།
ཟླ་བཞི་བའི་ཨ་གདོང་ནི་ཁམ་བུའི་མེ་ཏོག་རྣམ་པར་བཞད་པ་དང་།དཔྱིད་ཀྱི་དཔལ་ཡོན་རྣམ་པར་ཤར་བས།ག་ས་གང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་རེད།ཨ་གདོང་སྡེ་བ་ནི་ཕ་མེས་ཡང་མེས་ནས་བཟུང་ནས་དང་མ་རྨོས་ལོ་ཏོག་སོགས་འདེབས་འཛུགས་བྱེད་བཞིན་ཡོད།རང་ཁ་རང་གསོ་བྱེད་ཐུབ་མོད།འོན་ཀྱང་ཡོང་འབབ་འཕར་སྣོན་བྱུང་ནས་འབྱོར་ཕྱུག་ཏུ་འགྲོ་དཀའ་བ་རེད།
ཨ་གདོང་སྡེ་བའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད།གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་དང་ཧྲིན་ཕིང་གྲོང་རྡལ་སྲིད་གཞུང་གི་ལས་དོན་རུ་མིས་ཡུལ་བབས་དང་བསྟུན་ནས།ཟླ3པ་ནས་བཟུང་ཉིན་20རིང་ལྕ་བ་སྨན་རྩྭ་འདེབས་འཛུགས་ཀྱི་དྲིལ་བསྒྲགས་བྱ་བ་བསྡུས་པ་དང་།ལྕ་བ་འདེབས་འཛུགས་དུད་ཚང་ཆེན་མོ་དང་འབྲེལ་ཡོད་ཆེད་མཁས་གདན་འདྲེན་བྱས་ནས་ཡུལ་དངོས་སུ་ལྕ་བ་འདེབས་འཛུགས་ཀྱི་གསོ་སྦྱོང་བྱས་པ་མ་ཟད།ལུད་འཇོག་དོ་དམ།གནོད་འབུའི་འགོག་བཅོས་སོགས་ཀྱི་གནད་དོན་ལ་ནན་ཏན་གྱིས་ཁྲིད་སྟོན་བྱས།དུས་མཚུངས་སུ།འགྱིག་ཤོག་དང་བསྲེས་ལུད་སོགས་བཀྲམ་ནས།དབུལ་སྐྱོར་ལས་ཀར་སྐུལ་འདེད་བྱས་པ་རེད།
དབུལ་སྐྱོར་ནི་རྒུད་སྐྱོབ་ཁོ་ན་མིན་པར།ཆེས་གཙོ་བོ་ནི་རོགས་སྐྱོར་བྱས་པ་བརྒྱུད་ནས།མང་ཚོགས་ཀྱིས་དབུལ་ཐར་གྱི་གོ་རིམ་ཁྲོད་གསོན་ཤུགས་སྐུལ་སློང་བྱེད་རྒྱུ་གལ།