རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས2ཉིན། 2018ལོའི་སེམས་ཀྱི་ཉི་ཟླ་རྒྱལ་ཁའི་དམག་འཐབ་སྟེ་བདེ་ཆེན་འཛམ་གླིང་བྱེས་བགྲོད་སྦག་སྦག་འཁོར་ལོའི་མཉམ་འགྲན་འབའ་ལུང་རྫོང་ཡན་ལག་འགྲན་བསྡུར་དེ་གཙང་གསུམ་སྐྱེ་ཁམས་གླིང་ཁུལ་ནས་བསྡུས་པ་དང་།རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སྦག་སྦག་རུ་ཁག་20ཡི་བྱེས་བགྲོད་སྦག་སྦག་གཏོང་མཁན108འགྲན་བསྡུར་རུ་ཞུགས་ནས།ཛ་དྲག་གི་འགྲན་བསྡུར་བསྡུས་པ་རེད།
འགྲན་བསྡུར་ཐོག་ནང་འདྲེན་སྦག་སྦག་གི་བྱེས་བགྲོད་ཚོ་ཆུང་དང་།རང་རྒྱལ་ནས་ཐོན་པའི་སྦག་སྦག་གི་བྱེས་བགྲོད་ཚོ་ཆུང་།ADVའཐེན་ཤུགས་རླངས་འཁོར་འབུད་ཚད་དམའ་བའི་ཚོ་ཆུང་གི་950CC མན་གྱི་ཚོ་ཆུང་།ADVའཐེན་ཤུགས་རླངས་འཁོར་འབུད་ཚད་དམའ་བའི་ཚོ་ཆུང་གི་950CC ཡན་གྱི་ཚོ་ཆུང་བཅས་ཚོ་ཆུང་བཞི་རུ་བགར་ནས།སོ་སོར་ཨང་10བའི་སྔོན་ལ་བྱ་དགའ་སྤྲོད་རྒྱུ་ཡིན་ལ།བྱ་དགའ་ཨང་དང་པོ་ཐོབ་མཁན་ལ་མ་དངུལ་སྒོར་ཁྲི་2ཡི་བྱ་དགའ་ཡོད་པ་རེད།
ཐེངས་འདིའི་འགྲན་བསྡུར་ནི་དུས་ཡུན་ཉིན་གསུམ་ལ་སྤེལ་རྒྱུ་ཡིན་པ་དང་།ཟླ5པའི་ཚེས2ཉིན་གཙང་གསུམ་སྐྱེ་དངོས་གླིང་ཁུལ་གྱི་འགྲན་ར་རུ་ཨང་རིམ་འགྲན་བསྡུར་སྤེལ་བ་དང་།ཚེས3ཉིན་གཙང་གསུམ་སྐྱེ་དངོས་གླིང་ཁུལ་གྱི་ལྗོན་ལམ་དུ་ལྗོན་ལམ་སྲོན་ནུས་འགྲན་བསྡུར་སྤེལ་བ།ཚེས4ཉིན་ལ་འགྲན་ར་དང་ལྗོན་ལམ་ཟུང་འབྲེལ་གྱིས་མཇུག་མཐའི་འགྲན་སྡུར་སྤེལ་བ་རེད།