བདེ་ཆེན་ཚོང་འགུགས་མ་འདྲེན་འོས་སྦྱོར་ངོ་འཕྲད་གྲོས་མོལ་ཚོགས་འདུ་ ཁུན་མིང་ནས་བསྡུས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        


 


 

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།ཡུན་ནན་ཞིང་ཆེན་ཚོང་འགུགས་མཉམ་ལས་ཅུས་དང་བདེ་ཆེན་ཁུལ་ཨུ།ཁུལ་སྲིད་གཞུང་གིས་མཉམ་དུ་སྒྲུབ་པའི་2018ལོའི་ཡུན་ནན་བདེ་ཆེན་བོད་ཁུལ་ཚོང་འགུགས་མ་འདྲེན་འོས་སྦྱོར་ངོ་འཕྲད་གྲོས་མོལ་ཚོགས་འདུ་དེ་ཁུན་མིང་ནས་བསྡུས།

        འོས་སྦྱོར་ངོ་འཕྲད་གྲོས་མོལ་ཚོགས་འདུས་བདེ་ཆེན་བོད་ཁུལ་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་དང་བདེ་ཆེན་བོད་ཁུལ་རྣམ་གྲངས་སྦྲེལ་མཐུད་ངོ་འཕྲད་གྲོས་མོལ།བདེ་ཆེན་བོད་ཁུལ་ཚོང་འགུགས་མ་འདྲེན་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་རྩ་འཛུགས་བྱས་ནས།ཡུལ་དངོས་ནས་བདེ་ཆེན་གྱི་གཙོ་གནད་ཚོང་འགུགས་མ་འདྲེན་རྣམ་གྲངས་38བཏོན་པ་དང་།ཁྱོན་བསྡོམས་མ་འཇོག་སྒོར་དུང་ཕྱུར་484ཟིན་པ་རེད།ཡུལ་དངོས་ནས་རྣམ་གྲངས་11ཡི་གན་འཇོག་བྱས་པ་དང་།གན་འཇོག་མ་དངུལ་སྒོར་དུང་ཕྱུང་72.28ཟིན་པ་རེད།