མྱི་ཟུར་གྱི་གཞོན་ནུ་རྣམས་ཀྱིས་ལྔ་བཞི་གཞོན་ནུའི་དུས་ཆེན་འདི་ལྟར་རོལ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས4ཉིན།མྱི་ཟུར་གྲོང་གསེབ་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྣེ་ཁྲིད་བྱས་པ་དང་།མྱི་ཟུར་གྲོང་ཚོའི་ཨུ་ལྷན་གསུམ་གྱི་གཞོགས་འདེགས་འོག གྲོང་གསེབ་ཡོངས་ཀྱི་གུང་གཞོན་ཚོགས་པའི་ཚོགས་མི་38རྩ་འཛུགས་བྱས་ནས་ཐུན་མོང་མ་ཡིན་པའི་ལྔ་བཞི་གཞོན་ནུའི་དུས་ཆེན་ཞིག་རོལ་བ་རེད།


 



        ཉིན་འདིའི་སྔ་དྲོར།གཞོན་ནུ་རྣམས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འགན་ཁུར་བ་དང་གྲོང་སྡེ་ཨུ་ལྷན་གྱི་འགན་ཁུར་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུའི་ཚོགས་པའི་ཚོགས་མིར་བཅངས་པའི་རེ་འདུན་དང་གལ་ཆེན་མངག་བཅོལ་གྱི་གསལ་འགྲེལ་ལ་ཉན་པ་དང་།ན་གཞོན་ཚོགས་པའི་ཚོགས་མི་ནི་ཀྲུང་གོ་གུང་ཁྲན་ཏང་གི་དཔུང་རོགས་དང་གདོང་ལེན་རུ་ཁག་ཡིན་པའི་ངོས་ནས་སྐུལ་ལྕག་ཟབ་མོ་བཏང་སྟེ།མྱི་ཟུར་གྲོང་གསེབ་ཀྱི་རིགས་སོ་སོའི་རྣམ་གྲངས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྣེ་ཡག་པོ་འཁྲིད་པ་དང་།གོམ་སྟབས་བརྟན་པོ་སྤོ་བ། བྱ་གཞག་ཁག་བདེ་བླག་ངང་སྤེལ་བར་རྒྱབ་སྐྱོར་བྱས་པ་རེད།


 


 


 


 



        ཕྱི་དྲོར།གྲོང་གསེབ་ཡོངས་ཀྱི་ཐོན་ཚོ་ཆུང་སོ་སོས་སྐོར་བྲོ་འཁྲབ་པ་དང་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་སྤེལ་བ།དེ་མིན་རོལ་རྩེད་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་ནས།གཞོན་ནུ་ཚོགས་པའི་ཚོགས་མིའི་ལང་ཚོའི་ཉམས་འགྱུར་རབ་ཏུ་མངོན་པ་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་བ་རེད།