རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-06   རྩོམ་ཁུངས།    མི་དམངས་དྲ་བ།
ཟླ་5ཚེས་2ཉིན། སྐབས་དྲུག་པའི་བྲག་གསུམ་མཚོ་བསྐོར་བའི་རྒྱལ་སྤྱིའི་རི་ཐང་རྐང་འཁོར་འགྲན་བསྡུར་མཇུག་སྒྲིལ་བ་དང་། མཚོ་སྔོན་ནས་ཡོང་བའི་འགྲན་ཞུགས་པ་ཝེ་ཁུའེ་ཡིས་སྐྱེས་པའི་ཚོགས་ཆུང་ལས་ཨང་དང་པོ་བླངས་པ་དང་། བུད་མེད་ཚོགས་ཆུང་གི་ཨང་དང་པོ་ནི་སི་ཁྲོན་ནས་ཡོང་བའི་ཀྲང་ཞི་ཞི་ཡིན་པ་རེད།
བྲག་གསུམ་མཚོ་བསྐོར་བའི་རྐང་འཁོར་འགྲན་བསྡུར་ནི་རྒྱལ་ནང་དུ་རྒྱ་མཚོའི་ངོས་ལས་ས་བབ་ཆེས་མཐོ་བའི་མཚོ་སྐོར་རྐང་འཁོར་འགྲན་བསྡུར་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་མཛེས་ལྗོངས་རིམ་པ་5Aནང་ཁུལ་དུ་རྐང་འཁོར་འགྲན་བསྡུར་ཞིག་ཡིན་པ་རེད། འགྲན་ཞུགས་པས་དུས་ཡུན་ཉིན་གཉིས་ཀྱི་རིང་ལ་ལམ་ཐག་རིང་ཚད་སྤྱི་ལེ་99བར་འགྲན་བསྡུར་བྱེད་པ་དང་། རྒྱུག་ལམ་ལ་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་3600ཡོད་ཡོད་ཅིང་། རྒྱལ་ཁབ་ཕྱི་ནང་གི་འགྲན་ཞུགས་པ་ཁྱོན་138ཀྱིས་འགྲན་བསྡུར་བྱས་པ་རེད།