བདེ་ཆེན་གྱི་རིག་ནུས་གསང་སྤྱོད་ཁང་དང་པོ་སྟག་མཆོང་གྲོག་རོང་ལྗོངས་ཁུལ་དུ་བེད་སྤྱོད་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        


 


 


 


 


 


 


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ནན་ཏན་གྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལག་ཁྱེར་ཁ་པར་གཅིག་གིས་ཡུན་ནན་དུ་ཡུལ་སྐོར་འགྲོ་བ་ཞེས་པའི་གསང་སྤྱོད་ཁང་གི་དྲ་ཐོག་བསྒྱུར་བཀོད་ལས་ཀ་དོན་འཁྱོལ་བྱེད་པའི་ཆེད་དུ།   སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱིས་རིག་ནུས་ཡུལ་སྐོར་དང་འབྲེལ་ནས་བཞེངས་སྐྲུན་བྱེད་པའི་རིག་ནུས་གསང་སྤྱོད་ཁང་དེ་ཉེ་སྔོན་བསྒྱུར་བཀོད་ཚར་ཏེ་བེད་སྤྱོད་བྱས་པ་རེད།

ཤེས་རྟོགས་བྱུང་དོན།   བདེ་ཆེན་ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡུལ་སྐོར་བསྒྱུར་བཅོས་ཨུ་ལྷན་གྱི་ལག་ཁྱེར་ཁ་པར་གཅིག་གིས་ཡུན་ནན་དུ་ཡུལ་སྐོར་འགྲོ་བ་ཞེས་པའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་གིས་བརྩོན་ལེན་བྱས་ནས།   བདེ་ཆེན་ནི་འབོར་ཐེངས་གཉིས་པའི་ལག་ཁྱེར་ཁ་པར་གཅིག་གིས་ཡུན་ནན་དུ་ཡུལ་སྐོར་འགྲོ་ཞེས་པའི་རིག་ནུས་གསང་སྤྱོད་ཁང་བཟོ་བའི་ཁུལ་དང་གྲོང་ཁྱེར་གྱི་གྲས་སུ་གྱུར།   ཐེང་ཞུན་རིག་ནུས་གསང་སྤྱོད་ཁང་གི་རྣམ་གྲངས་ཚོ་ཆུང་དང་སྟག་མཆོང་གྲོག་རོང་ཡུལ་སྐོར་ལས་གཉེར་ཚད་ཡོད་ཀུང་སི་གཉིས་ཀྱིས་ཐུན་མོང་གི་འབད་བརྩོན་འོག   སྟག་མཆོང་གྲོང་རོང་ལྗོངས་ཁུལ་གྱི་ཨང་རྟགས་1.2.3་གྱི་གསང་སྤྱོད་ཁང་ལ་རིག་ནུས་ཀྱི་བསྒྱུར་བཀོད་བྱས།

        རིག་ནུས་གསང་སྤྱོད་ཁང་ལ་གནས་ངེས་གཏན་དང་ལམ་ཁྲིད།  མཁའ་རླུང་གཤེར་ཚད་ལ་སོགས་པའི་ལྟ་ཞིབ་ཚད་ལེན་གྱི་བྱེད་ནུས་ལྡན།   ཡུལ་སྐོར་བས་ལག་ཁྱེར་ཁ་པར་གཅིག་གིས་ཡུན་ནན་དུ་ཡུལ་སྐོར་འགྲོ་བ་ཞེས་པའི་ཁང་པའི་མཉེན་ཆས་དང་སྐད་འཕྲིན་ཐོག་གི་བྱ་རིམ་ཆུང་ཆུང་བརྒྱུད་ནས།   མཐའ་འཁོར་གྱི་གསང་སྤྱོད་ཁང་འཚོལ་ཐུབ་པ་དང་གསང་སྤྱོད་ཁང་རེ་རེའི་བེད་སྤྱོད་གནས་ཚུལ་རྒྱུས་ལོན་བྱེད་ཐུབ།    ཡུལ་སྐོར་བས་གསང་སྤྱོད་ཁང་གི་ཁོར་ཡུག་ལ་ཡིད་མི་ཚིམ་ན་མཉེན་ཆས་དང་བྱ་རིམ་ཆུང་ཆུང་སྟེང་མགོ་འདོག་ཞུ་ཆོག་པ་དང་བསམ་འཆར་འདོན་ཆོག                    

        མིག་སྔར།  སྟག་མཆོང་གྲོང་རོང་ལྗོངས་ཁུལ་དུ་རིག་ནུས་གསང་སྤྱོད་ཁང་གསུམ་ཡོད་དེ།  གསང་སྤྱོད་ཁང་ཀུན་དུ་དབང་པོ་སྐྱོན་ཅན་དང་དེ་ལ་རོགས་རམ་བྱེད་མི་སྤྱོད་ཆོག་པའི་ཁྱིམ་ཚང་གསང་སྤྱོད་ཁང་ཡོད་པ་དང་།   ད་དུང་མི་རྒན་དང་བྱིས་པ་སོགས་ལ་སྟབས་བདེ་འདོན་པའི་ལག་པ་འཇུ་ས་སོགས་ཡོད།