རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས་8ཉིན་ནི་སྐབས་71པའི་འཛམ་གླིང་རྒྱ་གྲམ་དམར་པོའི་ཉིན་མོ་ཡིན་ལ། བདེ་ཆེན་ཁུལ་གྱི་རིམ་པ་ཁག་དང་ས་གནས་ཁག་གི་མི་རྣམས་ཀྱིས་བརྩེ་སེམས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ་རེད།
ཟླ5པའི་ཚེས་8ཉིན། རང་ཁུལ་གྱིས་ལྔ་བརྒྱད་ཞལ་འདེབས་འབུལ་བའི་ཉིན་མོར་དབུལ་སྒྲོག་འགག་སྒྲོལ་ལ་རམ་འདེགས་བྱེད་ཞེས་པའི་སྤྱི་ཕན་ཞལ་འདེབས་འབུལ་བའི་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འགོ་ཚུགས།ཉིན་དེའི་བྱེད་སྒོ་ཐོག་2017ལོའི་ལྔ་བརྒྱད་ཞལ་འདེབས་འབུལ་བའི་ཉིན་མོ་ཞེས་པའི་བྱེད་སྒོར་ཞུགས་པའི་ལས་ཁུངས་ལ་ཞལ་འདེབས་དཔང་ཡིག་གནང་།
ཁུན་མིང་ལན་ཁྲེང་ཕེང་ཚན་རྩལ་ཚད་ཡོད་ཀུང་སི་དང་ཡན་ཐའེ་ཨའེ་ཏེ་ཁང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་གཉིས་ཀྱིས་ཁུལ་རྒྱ་གྲམ་དམར་པོའི་ཚོགས་པ་ལ་རིན་གོང་སྒོར་1709000གྱི་སྨན་བཅོས་སྒྲིག་ཆས་ཞལ་འདེབས་གནང་བ་རེད།
ད་ལོར། རང་ཁུལ་གྱི་ཁུལ་ཡོངས་སུ་སྤྱི་ཕན་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ་དང་། ཟླ4པའི་ཚེས25ཉིན་ནས་གྲོས་གཞི་འདོན་ཡིག་གཏོང་བ་ནས་ད་བར། ཞལ་འདེབས་མ་དངུལ་སྒོར་219217བསྡུས་ཡོད།
ཟླ་5པའི་ཚེས་8ཉིན། འབའ་ལུང་རྫོང་གི་རྒྱ་གྲམ་དམར་པོའི་ཚོགས་པས་རྫོང་སྲིད་ཁྲིམས་དང་། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་སོགས་ཀྱི་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་ལྔ་བརྒྱད་འཛམ་གླིང་རྒྱ་གྲམ་དམར་པོའི་ཉིན་མོ་ཡི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། ཉིན་དེར། ཞལ་འདེབས་མ་དངུལ་སྒོར་6923བསྡུས་པ་རེད།
ཟླ5པའི་ཚེས་8ཉིན། འཇོལ་རྫོང་གིས་ལྔ་བརྒྱད་ཞལ་འདེབས་འབུལ་བའི་ཉིན་མོར་དབུལ་སྒྲོལ་འགག་སྒྲོལ་རམ་འདེབས་བྱེད་ཞེས་པའི་བྱེད་སྒོ་སྤེལ་བ་དང་། ཉིན་དེར་ཞལ་འདེབས་མ་དངུལ་སྒོར་5497བསྡུས་པ་རེད།