རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། ཁུལ་ཡོངས་ཀྱིས་འཆར་ལྡན་བུ་བཙའ་མཐུན་ཚོགས་ཀྱི་ལས་དོན་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་དོན། ན་ནིང་རང་ཁུལ་གྱི་རིམ་པ་ཁག་གི་འཆར་ལྡན་བུ་བཙའ་མཐུན་ཚོགས་ཀྱིས་བྱེད་ཐབས་སྣ་མང་བརྒྱུད་དེ་ཤུགས་ཡོངས་ནས་འཆར་ལྡན་བུ་བཙའ་མཐུན་ཚོགས་ཀྱི་ལས་འགན་གལ་ཆེན་དྲུག་བསྒྲུབས་པ་རེད།
འཆར་ལྡན་བུ་བཙའ་མཐུན་ཚོགས་ཀྱིས་དྲིལ་བསྒྲགས་སློབ་གསོ་དང་ཕྲུ་གུ་ལེགས་བཙའ་ལེགས་གསོའི་ཁྲིད་སྟོན་བྱས། 2017ལོར། རང་ཁུལ་གྱི་རིམ་པ་ཁག་གི་འཆར་ལྡན་བུ་བཙའ་མཐུན་ཚོགས་ཀྱིས་འཆར་གཞི་ཡོད་པ་དང་ཁྱད་ཆོས་ལྡན་པ། ཤུགས་རྐྱེན་ཐེབས་པའི་དྲིལ་བསྒྲགས་བྱེད་སྒོ་སྣ་མང་བསྡུས་པ་དང་། རྒྱ་ཁྱབ་ཏུ་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་དང་། གཉེན་སྒྲིག་དང་ཕྲུ་གུ་སྐྱེ་གསོའི་གོང་གི་ལེགས་བཙའ་ལེགས་གསོའི་ཤེས་བྱ་སོགས་དྲིལ་བསྒྲགས་བྱས་པ། ད་དུང་སྲིད་ཇུས་དང་ཁྲིམས་ལུགས་བློ་འདྲི་བྱེད་ས་དང་དྲིལ་བསྒྲགས་ཡིག་ཆ་གཏོང་ས། རིན་མི་དགོས་པའི་འོས་བརྟག་བྱེད་ས་སོགས་འཛུགས་པ་རེད།
སྐྱེས་འཕེལ་བདེ་ཐང་གི་བློ་འདྲིའི་ཞབས་ཞུ་བཏོན་པ། 2017ལོར། ཁུལ་འཆར་ལྡན་བུ་བཙའ་མཐུན་ཚོགས་ཀྱིས་ཁུལ་ཡོངས་སུ་སྐྱེས་པའི་སྐྱེས་འཕེལ་བདེ་ཐང་ལ་ཐུགས་ཁུར་བྱས་ནས་འཆམ་མཐུན་བདེ་སྐྱིད་ཀྱི་ཁྱིམ་ཚང་སྐྲུན་ཞེས་པའི་བདེ་ཐང་ཤེས་བྱའི་འཆད་ཁྲིད་ཐེངས་དྲུག་བསྡུས་ཏེ། ཁུལ་ཡོངས་ཀྱི་བཅའ་སྡོད་དམག་མི་དང་ནགས་ལས། སྤྱི་བདེ་སོགས་ཀྱི་ལས་ཁུངས་ལ་ཁྱབ་པ་རེད།
མི་རྒན་གྱི་ཤེས་བྱའི་འཆད་ཁྲིད་བསྡུས་པ། ཁུལ་འཆར་ལྡན་བུ་བཙའ་མཐུན་ཚོགས་ཀྱིས་ཁུལ་ལས་བྱེད་རྒན་གྲས་ཅུས་དང་ཁུལ་དམངས་སྲིད་ཅུས་ཀྱི་ན་རྒས་གཞུང་ལས་ཁང་དང་མཉམ་འབྲེལ་བྱས་ནས། རང་ཁུལ་དུ་མི་རྒན་གྱི་བདེ་ཐང་སྐོར་གྱི་ཤེས་བྱའི་འཆད་ཁྲིད་ཐེངས་དགུ་བསྡུས་ཏེ། ཁུལ་ཡོངས་ཀྱི་མི་རྒན་ཆིག་སྟོང་ལྷག་ལ་ཁྱབ་པ་རེད།
འཆར་ལྡན་བུ་བཙའི་ཁྱིམ་ཚང་རོགས་སྐྱོར་བྱས་པ། ཏང་དང་སྲིད་གཞུང་གིས་ཁེར་སྐྱེས་ཕྲུ་གུའི་དུད་ཚང་དང་འཆར་ལྡན་བུ་བཙའ་ལ་དཀའ་ངལ་ཡོད་པའི་དུད་ཚང་ལ་ཐུགས་ཁུར་བྱས་པ་དང་། འཆར་ལྡན་བུ་བཙའི་དམངས་ཕན་སྲིད་ཇུས་དོན་དུ་འཁྱོལ་བའི་ཆེད་དུ། ཁུལ་འཆར་ལྡན་བུ་བཙའ་མཐུན་ཚོགས་ཀྱིས་འཇོལ་རྫོང་གི་འཆར་ལྡན་བུ་བཙའ་མཐུན་ཚོགས་དང་མཉམ་འབྲེལ་བྱས་ནས། འཇོལ་རྫོང་ཧྲེང་ཕིང་གྲོང་རྡལ་དང་ཡུན་ལིང་ཤང་དུ་ཁེར་སྐྱེས་ཕྲུ་གུའི་དུད་ཚང་དང་འཆར་ལྡན་བུ་བཙའ་ལ་དཀའ་ངལ་ཡོད་པའི་དུད་ཚང་གི་མི་102ལ་རིན་མི་དགོས་པས་ལུས་པོར་ཞིབ་བཤེར་བྱས་པ་རེད།
བུ་སྐྱེས་ཐུགས་ཁུར་བྱེད་སྒོ་བསྡུས་པ། 2017ལོར། རང་ཁུལ་གྱི་འཆར་ལྡན་བུ་བཙའ་མཐུན་ཚོགས་ཀྱིས་ལོ་ནང་ཁུལ་ཡོངས་ཀྱི་འཆར་ལྡན་བུ་བཙའ་ལ་དཀའ་ངལ་ཡོད་པའི་དུད་ཚང་དང་བཙའ་ལོ་རན་པའི་མང་ཚོགས་ཀྱི་སྐྱེས་འཕེལ་བདེ་ཐང་། ཁེར་སྐྱེས་ཕྲུ་གུའི་དུད་ཚང་། བུ་མོའི་བདེ་ཐང་འཚར་ལོངས། གཞི་རིམ་གྱི་འཆར་ལྡན་བུ་བཙའི་ལས་བྱེད་མི་སྣ་དང་གཏན་ཁེལ་མེད་པའི་མི་གྲངས་ཀྱི་འཆར་ལྡན་བུ་བཙའ་ལ་དཀའ་ངལ་ཡོད་པའི་དུད་ཚང་བཅས་ལ་ཐུགས་ཁུར་བྱས་ནས་ཁུལ་ཡོངས་ཀྱི་དུད་ཚང་50དང་། གཏན་ཁེལ་མེད་པའི་མི་གྲངས་ཀྱི་འཆར་ལྡན་བུ་བཙའི་དཀའ་ངལ་ཡོད་པའི་དུད་ཚང་10ལ་འཚམས་འདྲི་ཞུས་ཏེ། དུད་ཚང་རེ་ལ་འཚམས་འདྲི་མ་དངུལ་500དང་ཁྱོན་བསྡོམས་སྒོར་ཁྲི་3བཏང་བ་རེད།
ན་གཞོན་སྐབས་ཀྱི་བདེ་ཐང་སློབ་གསོ་བསྡུས་པ། 2017ལོར། ཁུལ་ཡོངས་སུ་ན་གཞོན་བདེ་ཐང་སློབ་གསོ་སློབ་གྲྭར་སྐྱོད་པའི་ཤེས་བྱའི་འཆད་ཁྲིད་ཐེངས་14བསྡུས་ཏེ། ཁུལ་ཡོངས་ཀྱི་སློབ་མ་7000ལྷག་ལ་ཁྱབ་པ་རེད།
དེ་མིན། རང་ཁུལ་གྱིས་ད་དུང་གཏན་ཁེལ་མེད་པའི་མི་གྲངས་ཀྱི་འཆར་ལྡན་བུ་བཙའ་མཐུན་ཚོགས་འཛུགས་སྐྲུན་དང་ཞབས་ཞུ་ལས་ཀ་བསྡུས་ནས། གཏན་ཁེལ་མེད་པའི་མི་གྲངས་ལ་ཞབས་ཞུ་ཁྱབ་ཚད་མཐོ་རུ་གཏོང་བ་རེད།